གདུང་སེམས་མཉམ་སྐྱེ་ཆེད་ཞབས་རིམ་བསོག་བསྒྲུབ།

འདི་ག་ཏུར་ཕན་ཐལ་ཚོགས་ཆུང་ནས་སྤྱི་ལོ་༢༠༡༦་ལོ་སྤྱི་ཟླ་༠༣་པའི་ཚེས་༢༠་ཉིན་ཞོགས་པ་ཆུ་ཚོད་༠༩་པ་ལ་འཐུས་མི་གཙོ་པའི་མི་མང་ཚང་འཛོམས་ངང་ནས་ཉེ་ཆར་བོད་ནས་རྒྱལ་གཅེས་པ་རང་ལོ་༡༨་ཡིན་པ་གྲྭ་སྐལ་བཟང་དབང་འདུས་དང་། བཙན་འབྱོར་ནང་རང་ལོ་༡༦་ཡིན་པ་སློབ་མ་རྡོ་རྗེ་ཚེ་རིང་གཉིས་གཙོས་ཕྱི་ནང་གཉིས་ནས་བྱུང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ། མ་ཎི་དང་། བཛྲ་གུ་རུ། སྒྲོལ་མ། བདེ་སྨོན་བཅས་ཞབས་རིམ་གསོག་བསྒྲུབ་གནང་བའི་གནས་ཚུལ་སྙིང་བསྡུས་སུ།
ས་གནས་ཏུར་ཕན་ཐལ་འཐུས་མི་རྒྱུན་ལས་ཐུན་མོང་ནས། ཟླ་༠༣་པའི་ཚེས་༢༤་ཉིན་ལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 3 སྡོམས་རོགས།