དཔའ་བོ་དཔའ་མོ་རྣམས་དྲན་གསོའ།

༄། སུད་སི་ནང་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་གཙོས་དཔའ་བོ་དཔའ་མོ་རྣམས་དྲན་གསོའི་ཆེད་དཔའ་བོའི་དྲན་རྟེན་གྱི་རྟགས་མ་ཞེས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཞིག་གོ་སྒྲིག་གནང་ཡོད་པ།
ཟླ་འདིའི་ཚེས་༤ཉིན་ས་གནས་འཁོར་(Chur)ནས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་གཙོས་དཔའ་བོ་དཔའ་མོ་རྣམས་དྲན་གསོའི་ཆེད་༼དཔའ་བོའི་དྲན་རྟེན་གྱི་རྟགས་མ་༽ཞེས་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཞིག་གོ་སྒྲིག་ཞུ་ཡོད་པ་དང་། རྩེད་འགྲན་རུ་ཁག་ནང་ས་གནས་དྲུག་གི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་མོ་བ་རྣམས་མཉམ་ཞུགས་བྱས་ཡོད་པ་དང་མཐའ་མའི་རྒྱལ་ཁ་དང་ཨང་དང་པོ་དེ་ཧི་མ་ལ་ཡའི་རུ་ཁག་ལ་ཐོབ་ཏེ་༼དཔའ་བོའི་དྲན་རྟེན་གྱི་རྟགས་མ༽དེ་ཧི་མ་ལ་ཡ་Himalaya རུ་ཁག་ལ་གནང་ཡོད་འདུག  རྩེད་འགྲན་འདིར་ཨང་དང་པོ་དང་ཨང་གཉིས་པ་གཉིས་ལ་བྱ་དགའ་ཡོད་འདུག  ཨང་དང་པོ་ལ་སུད་སྒོར་༥༠༠དང་ཨང་གཉིས་པ་ལ་སུད་སྒོར་༢༠༠རེ་ཡོད་འདུག  
རྩེད་འགྲན་འདི་གོ་སྒྲིག་ཞུ་མཁན་ནི་FC Graubünden Tibet United ཟེར་བའི་བོད་ཀྱི་རྐང་རྩེད་སྤོ་ལོའི་ཚོགས་པ་ཞིག་གིས་གོ་སྒྲིག་ཞུ་ཡོད་ལ། ཁོང་ཚོའི་དམིགས་ཡུལ་ནི་སྤྱི་ལོ་༢༠༡༧ ལོའི་ཟླ་༩་ཚེས་༧ ཉིན་སུད་སིའི་ས་གནས་ལུ་རྫན་Luzern དུ་མེ་འཁོར་ལྕགས་ལམ་སྟེང་ཉལ་ཏེ་གཅེས་པའི་རང་ལུས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕུལ་མཁན་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་གཙོས་དཔའ་བོ་དཔའ་མོ་རྣམས་དྲན་གསོ་དང་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་བོད་ཀྱི་བདེན་མཐའ་མྱུར་ཏུ་སེལ་བའི་ཆེད་དུ་རྩེད་མགྲན་འདི་བཙུགས་པ་ཞིག་རེད། དཔའ་བོའི་དྲན་རྟེན་གྱི་རྟགས་མ་དེ་ཡང་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་མུ་མཐུད་ནས་གནང་འཆར་ཡོད་འདུག
རྩེད་འགྲན་ཚར་རྗེས་རྩེད་མོ་བ་རྣམས་ཀྱིས་བོད་ཀྱི་རྒྱལ་གླུ་བླངས་སྟེ་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་ངག་བཅད་སྐར་མ་གཅིག་གནང་ནས་རྩེད་མགྲན་དེ་རྒྱལ་ཁའི་ངང་འཇུག་སྒྲིབ་ཡོད་འདུག གསར་འགོད་པ་ བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།