དུས་དབང་རྗེས་དྲན་མཆོད་འབུལ་ཐེངས་ ༣༡ པ་གནང་བ།

༄༅། དེ་རིང་ ༢༠༡༦ ཕྱི་ཟླ་ ༨ ཚེས་ ༡༣ བོད་རྒྱལ་ལོ་ ༢༡༤༣  མེ་སྤྲེལ་ཟླ་ ༦ ཚེས་  ༡༠ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སྔ་དྲོའི་ཆོུད་ ༩/༣༠ ནས་ཚོུད་ ༡༢/༣༠ བར་དུས་དབང་རྗེས་དྲན་མཆོད་འབུལ་ཐེངས་ ༣༡ པ་དང་༧རྒྱལ་བའི་བརྟན་བཞུགས་ཞབས་རིམ་གསོག་སྒྲུབ་ཞུས་སོང་།



དེ་ཡང་ ༡༩༨༥ ལོར་སུད་སི་ས་གནས་རི་ཀོན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༡༠ པ་དེ་བསྩལ་གནང་བའི་བཀྲིན་རྗེས་དྲན་གྱི་མཆོད་འབུལ་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམས་དང།  སྤྱི་འཐུས་ལས་ཟུར་རྣམ་པ།  སུད་སི་སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་ལགས། མི་མང་གི་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་ཀྱིས་དབུས་མི་མང་གྲངས་ ༦༠ ཙམ་མཉམ་ཞུགས་ཐོག་མཆོད་འབུལ་དང་བརྟན་བཞུགས་ཞབས་རིམ་དབུ་འཛུགས་གནང་། དེ་ནས་གསོལ་ཇ་འབྲས་སིལ་གྱི་བར་སེང་དང་བསྟུན་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་གིས་དུས་དབང་དང་ལྷག་པར་དུ་སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གིས་ཕྱི་ཟླ་བཅུ་པའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུའི་སྔོན་འགྲོའི་ཞབས་རིམ་གཟུངས་སྔགས་གསོག་སྒྲུབ་སྐོར་བཀའ་སློབ་དང།  སྤྱི་ནོར་༧གོང་༧སྐྱབས་མགོན་ཆེན་པོས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་མཛད་འཕྲིན་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པ།


དེ་བཞིན་སུད་སིར་དུས་དབང་དང་འབྲེལ་ཆགས་འདས་གསོན་ཡོངས་ཀྱི་སྡིག་སྒྲིབ་བྱང་ཞིང་མངོན་མཐོའི་གོ་འཕང་འཐོབ་པའི་བསྔོ་སྨོན་གནང་སོང་བའི་གནས་བསྡུས་སོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།