ཕཱ་རནསི་རྒྱལ་ས་པེ་རི་སིར་གསུམ་བཅུའི་དུས་དྲན་ང་དྲུག་འཚོགས་པ།

དེ་ཡང་ཕྱི་ཟླ་ ༣  ཚེས་  ༡༤  རེས་གཟའ་སྤེན་པའི་ཉིན་ཕཱ་རནསི་རྒྱལ་ས་པེ་རི་སིར་བོད་རང་དབང་བདེན་པའི་ལས་འགུལ་གསུམ་བཅུའི་དུས་དྲན་ཐེངས་ ༥༦  པ་དེ་བོད་རིགས་གཅིག་ཁྲི་སྐོར་ནས་སྲུང་བརྩི་དམ་དོན་ཞུས་སོང་ལ།  ཐེངས་འདིའི་དུས་དྲན་སྐབས་དཔལ་ལྡན་སྐོུ་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སྐུ་དངོས་སུ་ཞབས་སོར་བཀྲིན་ཆེ་བ་བྱུང་འདུག སྐབས་དེར་སུད་སི་དང་།  ལིཀ་ཏེན་སིཊཡན་ཁུལ་ནས་བོད་རིགས་མི་མང་ཆིག་སྟོང་འགལ་བ་ཞིག་ཀྱང་དཀའ་ངལ་མང་དག་ཞིག་ལ་གདོང་ལེན་གྱིས་ཆེད་བཅར་ཞུ་ཐུབ་པ་ཞུས་འདུག  རྒྱབ་ལྗོངས་གནས་བབ་ཐོག་ཞུ་བབ་བྲལ་བ་ཞིག་རེད།  མང་ཚོགས་ཀྱིས་སེམས་ཤུགས་དང་ལྷག་པར་ད་སྐབས་ཀྱི་གནས་སྟངས་ཐོག་ཧ་ཅང་གིས་སེམས་འཚོར་དྲག་པོ་དང་བཅས་གོ་སྒྲིག་ཞུ་མི་ཞིག་ཡོད་ན།  གདུང་སེམས་མཉམ་སྐྱེ་ཞུ་རྒྱུར་འདུན་པ་གསལ་པོ་འདུག  བོད་ནང་རྒྱལ་གཅེས་སྙིང་སྟོབས་ཞུམ་པ་མེད་པའི་དཔའ་བོ་དཔའ་བོ་རྣམས་ཀྱིས་སྙིང་སྟོབས་ཆོད་སེམས་ལ་གུས་བཏུད་ཀྱིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ནི་སེམས་ནང་གི་དམ་བཅའ་དང་རང་གི་རང་ལ་བརྒྱུད་བསྐུལ་གཡོ་ཐབས་མེད་པ་ཞིག་མངོན་གསལ་དང་། དམ་བཅའ་གཏན་པོ་ཡོད་པ་ཞིག་མངོན་གསལ་དོད་པོ་ཡོང་བཞིན་འདུག  ཡིནའང་འགའ་ཞིག་གི་གོ་སྐབས་དམ་འཛིན་དང་བཅས་གོ་སྐབས་འདི་ཚོ་ལྷོད་མེད་བེད་སྤྱོད་བྱ་རྒྱུ་རེ་སེམས་འབད་རྩོལ་བྱེད་བཞིན་ཡོད་པ་ཡང་ང་ཚོས་ངོས་འཛིན་ཐུབ་པ་གནང་དགོས་ངེས་ཡིན།  དེ་ཚོའི་ནང་ཚོགས་སྐྱིད་འདྲ་མིན་གྱི་མིང་གནས་བེད་སྤྱོད་དང་བཅས་བོད་མིའི་གཅིག་སྒྲིལ་ནུས་ཤུགས་ལ་ཕན་འབྲས་ཇི་ཡོང་གི་བསམ་བློ་གཏོང་དགོས་པ་མིན་ནམ་སྙམ།  ད་ལྟའི་དུས་སྐབས་འདིར་ང་ཚོས་ཚོགས་སྐྱིད་དང་མིང་གནས་འདྲ་མིན་བརྒྱུད་ནང་ཁུལ་མཐུན་སྒྲིལ་དམ་གཙང་ཡོང་བར་ལྷག་བསམ་སྙིང་སྟོབས་དང་གཅིག་སྒྲིལ་ངེས་པར་གནང་དགོས་པར་སྙམ།  སྒོ་སྤེ་ཡོན་ཏན་གྱིས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།