ཕྱི་ལོ་ ༢༠༡༢ ཨོལ་མ་འགྲེམས་སྟོན་ནང་ས་གནས་གྷེ་ལ་རུ་སི་བོད་རིགས་མི་མང་མཉམ་བཞུགས།

Tibeter Gemeinschaft Glarus OLMA 2012

ལོ་ལྟར་ཨོལ་མ་འགྲེམས་སྟོན་དུས་སྟོན་ཚོགས་ཀྱི་ཡོད་པས་འདི་ལོ་ ༢༠༡༢ དུས་སྐབས་སུ་ས་གནས་གྷེ་ལ་རུ་སི་བོད་རིགས་མི་མང་མགྲོན་འབོད་དུ་མཉམ་ཞུགས་གནང་སྟེ་ས་གནས་སན་གྷ་ལེན་གྲོང་ཁྱེར་བརྒྱུད་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་སེམས་ཤུགས་གཅིག་བསྒྲིལ་གྱི་ལས་འགུལ་བརྩམས་པ་དང་།  སྒྲིག་འཛུགས་ཁག་ ༤༠ ལྷག་ནང་ནས་མངའ་སྡེ་ཛུཀ་དང་མངའ་སྡེ་གྷེ་ལ་རུ་སི་གཉིས་མགྲོན་པོར་གདན་ཞུ་དང་།  ས་གནས་གྷེ་ལ་རུ་སི་ཆ་ནས་མཐུན་བསྒྲིལ་ཆེད་དུ་བོད་མི་རྣམས་ས་གནས་གྷེ་ལ་རུ་སི་ནང་ལོ་ངོ་  ༤༠ ལྷག་ཙམ་གནས་པ་དང་ས་གནས་གྷེ་ལ་རུ་སི་བོད་རིགས་མི་མང་ཚོགས་ཆུང་ཡང་ས་གནས་དེ་རང་ཆ་ཤས་སུ་འགྱུར་ཡོད་པ་ལ་བརྟེན་ནས་གལ་ཆེ་དོན་ཆེ་ཐོག་ནས་ལས་འགུལ་མཉམ་ཞུགས་གནང་།  ཡུལ་མི་མཉམ་དུ་རུ་བསྒྲིག་ནང་བོད་ཀྱི་ཐོུང་མ་ཡིན་པ་ལེགས་བྱང་དང་ཆོལ་ཁ་གསུམ་གྱི་ཆས་གོས་དང་བྱེ་བྲག་ལུང་ཚན་ཆས་གོས་དང་དགེ་འདུན་རྣམས་སོ་སོའི་ཆོས་ལུགས་འདྲ་མིན་གྱི་ཆས་སྤྲས་དང་ཆོ་ག་ཡོས་ཆས་དང་དུང་དང་རྒྱ་གླིང་དང་གཞན་ཡང་གཞན་སྣ་ཡོ་ཆས་སོགས་འགྲེམས་ནས་སྤེལ་ཐུབ་པ་བྱུང་།  ༸གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འགྲེམས་ནས་ཡུལ་མི་མང་པོ་ནས་ཐལ་སྒྲ་སྐད་འབོད་ཀྱི་དགའ་བསུ་བཅས་ཀྱི་གནས་མདོར་བསྡུས་སོ།  །

འདྲ་པར་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 1 སྡོམས་རོགས།