བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་རྒྱུས་དྲན་གསོའི་མཛད་སྒོར་ཕེབས་པའི་མགྲོན་བརྡའི་གསལ་བསྒྲགས།

ཉིས་སྟོང་བཅུ་གསུམ་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་ལོ་འཁོར་བརྒྱ་ལོན་པའི་རྟེན་འབྲེལ་དུས་བཟང་གི་ཉིན་མོ་ཞིག་ཡིན་ལ། ངེད་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ནས་ལོ་འཁོར་བརྒྱ་ལོན་པའི་ཉིན་འདི་བོད་རྒྱལ་ཁབ་ཀྱི་ཉིན་མོ་ཞིག་ལ་ངོས་འཛིན་དང་བརྩི་སྲུང་བྱེད་ཆེད་༼ང་ཚོའི་བོད་ཀྱི་ལོ་རྒྱུས་ལ་སྙིང་སྟོབས་དང་སྤོབས་པ་སྐྱེ་དགོས༽ ཞིས་འཐབ་རྩོད་ཀྱི་ལས་འགུལ་ཞིག་བཀོད་སྒྲིགས་བྱས་ཡོད་ལགས།

གོང་གསལ་གྱི་རྒྱུ་མཚན་ལ་གཞིགས་ནས་ངེད་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱིས་འགན་ཁུར་ནས་ཟླ་གཉིས་པའི་ཚེས་བཅུ་དྲུག་གཟའ་སྤེན་པའི་ཉིན་རི་ཀོང་དུ་བོད་རྒྱལ་ཁབ་ཀྱི་ཉིན་མོར་བརྩི་སྲུང་དང་༼ང་ཚོའི་ལོ་རྒྱུས་ལ་སྙིང་སྟོབས་དང་སྤོབས་པ་སྐྱེ་དགོས༽ཞེས་པའི་འཐབ་རྩོད་ཀྱི་ལས་འགུལ་འདི་དངོས་སུ་དབུ་ཚུགས་རྒྱུ་ལགས།

ཉིན་འདིའི་མཛད་རིམ་ནི་རྒྱལ་སྤྱིའི་སྐུ་མགྲོན་དག་དབུ་བཞུགས་ཐོག་བགྲོ་གླེང་དང་གཏམ་བཤད་རྒྱས་པར་གནང་རྒྱུ་ཡིན་པ་མ་ཟད་། བོད་ཀྱི་གནའ་བོའི་རིག་གཞུང་དང་འབྲེལ་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་གཞས་སྣ་འཁྲབ་སྟོན་སོགས་དང་། རོ་བཅུད་ཡོངས་སུ་རྫོགས་པའི་གསོལ་ཚིགས་གོ་སྒྲིགས་ཡོད་པས་མི་དམངས་གང་མང་ཞིག་བོད་ལྭ་གྱོན་ནས་ཕེབས་ཐུབ་པར་དགའ་བསུ་གྲངས་མེད་ཞུ།

དེ་ཡང་མཛད་རིམ་འདིའི་ལྟེ་བར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། སྲོལ་རྒྱུན་གྱི་རིག་གཞུང་དང་འབྲེལ་བའི་བོད་རང་བཙན་ཡིན་པའི་བདེན་རྟགས་སོགས་འགྲེམས་སྟོན་གྱི་ལམ་ནས་མི་དམངས་ལ་བདེན་པ་ར་སྤྲོད་དང་། རྒྱ་ནག་གིས་ཁྲིམས་འགལ་གྱི་སྒོ་ནས་བོད་བཙན་འཛུལ་བྱས་པའི་རྒྱུ་མཚན་གནད་མ་དག་འགྲེལ་བརྗོད་བྱེད་རྒྱུ་ཡིན། དེ་མིན་བོད་རིགས་གཞོན་སྐྱེས་དག་ལ་འདིའི་ཐད་བསམ་བློའི་གོ་རྟོགས་ངེས་ཅན་སྤེལ་རྒྱུ་ལགས།

གཞན་གཤམ་གྱི་དྲ་ཚིགས་འདིའི་སྟེང་གཟིགས་ནས་གནས་ཚུལ་རྒྱས་པར་དེ་ལས་ཤེས་རྟོགས་ཐུབ།

http://www.be-tibet.com/events/program/

    

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 1 སྡོམས་རོགས།