རི་ཀོན་དགོན་པར་མཁན་རིན་པོ་ཆེས་དབུས་དགེ་འདུན་སྡེ་དང་མི་མང་ ༡༥༠ འདུ་འཛོམས་ཀྱིས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་བསྔོ་སྨོན་གནང་པ།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྔ་པ་ཀིརྟི་དགོན་པའི་གྲྭ་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ།རང་ལུས་མེར་བསྲེག་བཏང་ཡོད་འདུག་ཀྱང་། རྐྱེན་འདས་སུ་སོང་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་མི་འདུག རྔ་པ་ཀིརྟི་དགོན་པར་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེག་གཏོང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་ཚ་བོ་གྲྭ་བློ་བཟང་སྐལ་བཟང་ལགས་དང་། གཞན་དགེ་འདུན་པ་བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། བདེ་སྐྱིད་རྩ་བ་ནས་སྤྲོད་ཀྱི་མེད་པར་ངོ་རྒོལ་གནང་ཡོད་པ་རེད། གོང་གསལ་གཞོན་སྐྱེས་དགེ་འདུན་པ་ཁོང་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བར་བརྟེན། ད་ལྟའི་ཆར་རྔ་པ་ཀིརྟི་དགོན་པར་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་ཁོང་གཉིས་སྨན་ཁང་དུ་ཁྲིད་ཡོད་ཀྱང་། དགེ་འདུན་པ་གཅིག་འདས་གྲོངས་སུ་གྱུར་ཡོད་འདུག དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་རང་ལོ་ ༡༤ ཡིན་པ་དང་། དགེ་འདུན་པ་བློ་བཟང་དཀོན་མཆོག་ལགས་རང་ལོ་ ༡༨ ཡིན་འདུག །གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་དོན་ལྟར་ན། ཁོང་གཉིས་ཀྱིས་དེ་ལྟར་ངོ་རྒོལ་བྱེད་དགོས་པའི་རྒྱུ་མཚན་ནི་ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ནོར་འཁྲུལ་ལས་བྱུང་བ་སྨོས་མེད་དང་། བྱེ་བྲག་ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་པ་ནས་བཟུང་ད་བར་རྔ་པའི་ས་གནས་ཡོངས་ལ་དམ་བསྒྲགས་བཀག་སྡོམ་ཤུགས་ཆེ་བྱས་པ་དང་། ལྷག་པར་དུ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་ལྔ་ལྷག་རིང་དགོན་པའི་ལྕགས་རིའི་ཕྱི་ལ་ཐོན་མ་བཅུག་པར་བཙོན་པ་དང་གཅིག་མཚུངས་ཀྱིས་བཀག་སྡོམ་བྱས་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ནས་གྲྭ་པ་བརྒྱ་ཕྲག་མང་པོ་དགོན་པ་ནས་ཕྱིར་ཕུད་བཏང་ཞིང་། རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་ལ་འབྲེལ་བ་ཡོད་པར་བསྙོན་འཛུགས་བྱས་ཏེ་མི་གསོད་ལག་དམར་དང་། མི་གསོད་ལག་དམར་གྱི་ལག་རོགས་ཀྱི་ཉེས་མིག་གཡོགས་ནས་ལོ་མང་པོའི་ཁྲིམས་ཐག་བཅད་པ་སོགས་བཟོད་ཐབས་བྲལ་གནས་ཚུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་ནང་ལ་ད་ལྟ་ད་དུང་རྒྱ་གཞུང་གི་ཞི་དྲག་ལས་བྱེད་པ་བརྒྱ་ཕྲག་མང་པོ་ཉིན་མཚན་གཉིས་ཀར་བསྡད་ནས་སུན་གཙེར་བཟོ་བཞིན་ཡོད་འདུག་པ་བཅས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ ༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡ རེས་གཟའ་སྤེན་པའི་ཉིན་རྒྱབ་ཚོུད་ ༡༤ ནས་ཡུ་རོབ་གཞོན་ནུའི་མཐུན་ཚོགས་ནས་གོ་བསྒྲིག་འོག་རྫུས་རིག་གྲོང་ཁྱེར་ཁྲོམ་གཞུང་བརྒྱུད་མི་མང་ཉིས་བརྒྱ་འགལ་བའི་རྔམ་སྟོན་ཁྲོམ་སྐོར་གྱིས་རྒྱ་གཞུང་ཚོང་དོན་ལས་ཁུངས་གདོང་ངར་ཤུགས་ལྡན་པའི་ངོ་རྒོལ་བྱས་པ་དང་།ཕྱི་ཚེས་ ༢ རེས་གཟའ་ཉི་མ་ཞོགས་པ་ཆུ་ཚོད་ ༩༌༌༣༠ ནས་ཉིན་གུང་བར་རི་ཀོན་དགོན་པར་མཁན་རིན་པོ་ཆེས་དབུས་དགེ་འདུན་སྡེ་དང་མི་མང་ ༡༥༠ འདུ་འཛོམས་ཀྱིས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་བསྔོ་སྨོན་གྱི་བོད་བསྟན་སྲིད་རང་དབང་དོན་དུ་གཅེས་པའི་རང་སྲོག་ལེགས་སྐྱེས་སུ་ཕུལ་བའི་ན་གཞོན་དཔའ་བོ་རྣམ་པའི་བྱས་བསགས་སྡིག་བསྟུང་བྱང་ཞིང་དག་ནས་དལ་འབྱོར་རིམ་བརྒྱུད་དང་བཅས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པའི་གསོལ་འདེབས་གདུང་ཤུགས་དྲག་པོ་ཞུས། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་གོ་བསྒྲིགས་ཞུས་ཤིང་། ཐེངས་འདིའི་ལས་རིམ་ས་གནས་ཚོགས་ཆུང་ཝས་ཌནསེ་ཝིལ་དང་། ཨུཛི་ནག ཕོལ་ཁེདེསི་ཝིལ་བཅས་ནས་མཆོད་སྤྲིན་བརྒྱ་ཚར་དང་མང་ཚོགས་ལ་གསོལ་ཇ་བཞེས་བག དགེ་འདུན་པར་ཉིན་གུང་གསོལ་ཚིགས་བཅས་གྲ་རྒྱས་གོ་བསྒྲིག་ཞུས་འདུག་ལ། སྐབས་དེར་མང་ཚོགས་ནས་དངུལ་དངོས་ཀྱི་ཞལ་འདེབས་རྒྱ་ཆེ་གནང་འདུག་པར་ཐུགས་རྗེ་ཆེ་ཞུས་སོང་བའི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན།། འདྲ་པར་་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།