རི་ཀོན་ཚོགས་ཆུང་གིས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་དང་འབྲེལ་གཟུངས་སྔགས་ཡིག་དྲུག་མ་གསོག་སྒྲུབ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལྷན་ཁང་ནས་ཡོངས་ཁྱབས་གསལ་བསྒྲགས་ཁྱབ་སྤེལ་ནང་དོན་ལྟར། ད་ལམ་ཕྱི་ལོ་ ༢༠༡༧ ཟླ་བ་ ༤ པའི་ཚེས་ ༢༡ རེས་གཟའ་པ་སངས། ཕྱི་དྲོ་ཚོུད་ ༥ ནས་ ༨ བར་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨན་གྱིས་དབུས་པའི་དགེ་འདུན་ཞལ་གྲངས་བདུན། སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་ཆོས་རྒྱལ་བསྟན་འཛིན་ལགས། ཚོགས་མི་ཞལ་གྲངས་བདུན་ཅུ་ལྷག་ཙམ་འདུ་འཛོམས་དང་བཞུགས་གྲལ་འཁོད་འཚམས། རི་ཀོན་ཚུགས་ཆུང་གི་ཚོགས་གཙོ་བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ནས་ཚོགས་མི་ཡོངས་ལ་འཚམས་འདྲི་ཞུས་འཕྲལ། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་རྣམ་པས་ཞལ་འདོན་དབུ་འཛུགས་མཛད། དེ་ཡང་སྤྱིར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དང་། བོད་མིའི་སྤྱི་མཐུན་བསོད་ནམས། ཡང་སྒོས་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་བགེགས་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་བའི་སླད། ཐུབ་པའི་མཚན་སྔགས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་བསྟོད་པ་དང་འབྲེལ་གཟུངས་སྔགས་ཡིག་དྲུག་མ། ཨོ་རྒྱན་འབྱུང་བཞི་ལྷ་མོའི་གསོལ་འདེབས། ༧རྒྱལ་བའི་མཚན་སྔགས་དང་ཞབས་བརྟན་གསོག་སྒྲུབ་ཞུས་པ་དང་སྦྲགས། བདུན་སྔོན་མ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་བོད་མདོ་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱལ་གཅེས་དཔའ་བོ་དབང་ཕྱུག་ཚེ་བརྟན་ལགས་ནས་བོད་ཀྱི་བསྟན་པ་ཆབ་སྲིད་དོན་དུ་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་ཟིན་པའི་ཡིད་སྐྱོའི་གནས་ཚུལ། ཚེ་འདས་དེ་ཉིད་ཀྱིས་གཙོས་པའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་པའི་ཆེད་བཟང་སྤྱོད་སྨོན་ལམ། བྱམས་པའི་སྨོན་ལམ། སྤྱོད་འཇུག་སྨོན་ལམ་གསོལ་འདེབས་གསུངས་བ་བཅས།ས་འཐུས་བརྡ་སྐྱེལ་ལྷག་པ་ཚེ་རིང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 6 སྡོམས་རོགས།