རེ་ཀོན་ཚོགས་ཆུང་གི་བོད་ཡིག་སློབ་གྲ་དབུ་བརྙེས་ནས་ལོ་ངོ་༤༠་ཏག་ཏག་འཁོར་བའི་དུས་ཆེན

༄༅།ཕྱི་ལོ་༢༠༢༣ཟླ་༤པའི་ཚེས་༡༥ཉིན་སུད་སི་ས་གནས་རེ་ཀོན་ཚོགས་ཆུང་གི་བོད་ཡིག་སློབ་གྲ་དབུ་བརྙེས་ནས་ལོ་ངོ་༤༠་ཏག་ཏག་འཁོར་བའི་དུས་ཆེན་སུད་སི་ས་གནས་རེ་ཀོན་སློབ་གྲའི་ཚོགས་ཁང་ནང་ཉིན་རྒྱབ་ཆུ་ཚོད་༡༣།༣༠ཐོག་དབུ་ཚུགས་ཀྱིས་སྐུ་མགྲོན་གཙོ་བོ་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཕྲིན་ལས་ཆོས་སྐྱིད་མཆོག་དང་དམིགས་གསལ་སྐུ་མགྲོན་སུད་སི་ས་གནས་རྫུ་རིག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ བདེ་སྲུང་བློན་ཆེན་གཅིག་ལྕོག་སྐུ་ཞབས་ MARIO FHER མཆོག་ རེ་ཀོན་དགོན་པའི་མཁན་རིན་པོ་ཆེ་ནས་གཙོས་པའི་དགེ་འདུན་རྣམ་པ་ སུད་སི་ས་གནས་ Oetwil am See གྲོང་སྡེའི་སྤྱི་ཁྱབ་པ་གང་གཞོན་ཚང་རྣམ་རྒྱལ་ལགས་ དེ་བཞིན་སུད་སི་དང་ལེག་ལྡན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་སྐར་མ་ཆོས་སྐྱིད་ལགས་དང་ ཚོགས་གཞོན་བསྟན་འཛིན་དབང་འདུས་ལགས་ བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ལགས་ ཡོ་རོབ་ཕྱོགས་བཞུགས་སྤྱི་ཟུར་སྐུ་ངོ་རྣམ་པ་བཞི་ ས་གནས་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་པ་ ས་གནས་བུད་མེད་ཚོགས་གཙོ་ བོད་རིགས་མི་མང་འཐུས་མི་རྣམ་པ་རེ་ཀོང་ཚོགས་ཆུང་གི་དགེ་རྒན་ཟུར་པ་རྣམ་པ་ རེ་ཀོན་ཚོགས་ཆུང་གི་དགེ་རྒན་དང་ སློབ་ཕྲུག་ ས་གནས་བོད་སློབ་ཁག་གི་འགན་འཛིན་རྣམ་པ་ དེ་བཞིན་བོད་སློབ་ཁག་གི་སློབ་ཕྲུག་དང་ ཕ་མ་ སེར་སྐྱ་མི་མང་༣༠༠ཙམ་ལྷན་འཛོམས་ཀྱིས་ཐོག་མར་༧བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ཀྱིས་བཞུགས་ཁྲིར་མངའ་གསོལ་གྱིས་སྐུ་མགྲོན་གཙོ་བོ་རྣམས་དང་ ས་གནས་འཐུས་མི་བཅས་ནས་བརྟེན་གསུམ་འདེགས་འབུལ་དང་ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ཏེ་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་རྣམས་ཀྱི་ཆེད་ངག་བཅད་སྐར་མ་གཅིག་གནང་ཏེ་༧རྒྱལ་བའི་ཞབས་བརྟན་གསུང་འདོན་དང་ ས་གནས་རེ་ཀོན་འཐུས་མི་ནས་རེ་ཀོན་བོད་སློབ་དེ་བཞིན་༡༩༨༣ལོའི་ཟླ་བ་༤པའི་ཚེས་༡༥ཉིན་ཐོག་མར་མི་ཚང་བདུན་དང་ སློབ་ཕྲུག་བདུན་ དགེ་རྒན་གཅིག་བཅས་ནས་འགོ་ཚུགས་ཀྱིས་རིམ་པས་རྒྱ་བསྐྱེད་དང་ ལོ་རེར་སློབ་ཕྲུག་བཞི་ཅུ་ཙམ་དང་ དགེ་རྒན་གསུམ་།ཟློས་དགེ་གསུམ་བཅས་ཀྱི་ཕྱི་ལོ་༢༠༠༢བར་སློབ་ཕྲུག་ཀྱི་ཕ་མ་རྣམས་ཀྱི་འཛིན་སྐྱོང་དང་ ༢༠༠༢ནས་རེ་ཀོན་ཚོགས་ཚུང་གི་རྩིས་ལེན་ཞུས་སྟེ་ད་བར་ཡར་རྒྱས་ཚག་ཚུད་ཀྱིས་བྱུང་རིམ་དང་ རེ་ཀོན་བོད་སློབ་ནས་སློབ་ཕྲུག་ཐོན་ཟིན་པ་བརྒྱ་མ་ཟིན་ཙམ་དང་ ད་ལྟ་སློབ་ཕྲུག་༣༥ འགན་འཛི་གཅིག་ དགེ་རྒན་གཉིས་ ཟློས་དགེ་གཅིག་ འཛིན་གྲ་ཁག་༥བཅས་ཡོད་པ་དང་ སློབ་ཟུར་ནང་ས་གནས་ཚོགས་པ་ཁག་མང་པོའི་ནང་ལས་ཀྱི་སྣེ་མོ་བ་མང་པོ་བྱུང་སྟེ་བོད་ཀྱི་སྐད་ཡིག་དང་ རིགས་གཞུང་ཐོག་ཕན་རླབས་ཧ་ཅང་ཆེན་པོ་བྱུང་ཡོད་པ་ངོ་སྤྲོད་དང་ སྐུ་ངོ་དོན་གཅོད་མཆོག་ནས་༧གོང་ས་མཆོག་གི་འཛད་འཕྲིན་དང་ བོད་ཡིག་སློབ་གྲ་གལ་ཆེན་པོ་ཡིན་པ་ ཐོག་མར་དབུ་ཚུགས་གནང་མཁན་དང་ དགེ་རྒན་ཕ་མ་རྣམས་ལ་ཐུགས་ཆེ་བཞེས་ཀྱིས་བཀའ་སློབ་གནང་ དེ་བཞིན་དམིགས་གསལ་སྐུ་མགྲོན་མཆོག་ནས་རེ་ཀོན་བོད་སློབ་ལོ་བཞི་ཅུའི་དུས་ཆེན་ལ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་བ་དང་ ༧གོང་ས་རྒྱལ་བ་རིན་པོ་ཆེ་དང་ སྐུ་ཚབ་དོན་གཅོད་ ས་གནས་བོད་རིགས་མི་མང་སོགས་དང་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་པ་དང་ཁོང་ནས་མུ་མཐུད་ནས་ས་གནས་བོད་རིགས་མི་མང་དང་ ཚོགས་ཆུང་ཁག་ལ་རྒྱབ་བསྐྱོར་གནང་རྒྱུའི་ཞལ་བཞེས་གནང་སོང་བ་དང་ དེ་བཞིན་མི་མང་ཚོགས་གཙོ་སོགས་ནས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་ དགེ་རྒན་ཟུར་པ་རྣམས་ལ་ཕྱག་འཁྱེར་དང་ དུས་ཆེན་ལ་དཔལ་འབྱོར་མཐུན་འགྱུར་གནང་མཁན་དང་ དགེ་རྒན་བཅས་ལ་ཕྱག་རྟགས་ རེ་ཀོན་སློབ་ཕྲུག་རྣམས་ལ་དྲན་བརྟེན་རྟག་མ་སྐུ་ངོ་དོན་གཅོད་མཆོག་གིས་ཕྱག་ནས་གསོལ་རས་གནང་བ་ རེ་ཀོན་སློབ་ཕྲུག་དང་ སློབ་ཟུར་ ཕ་མ་ ས་གནས་རྫུ་རིག་བོད་སློབ་དང་ ཧོར་གྷན་བོད་སློབ ཨར་གྷའོ་བོད་སློབ་ རའ་པ་སི་ཝིལ་བོད་སློབ་ རེ་ཀོན་ཟློས་དགེ་བཅས་ནས་གཞས་སྣ་འདྲ་མིན་དང་ དགོང་དྲོ་མི་མང་ནས་སྒོར་གཞས་བཅས་སྙན་འཇེབས་ལྡན་པའི་གླུ་གཞས་འདྲ་མིན་གཟིགས་འབུལ་ཞུས་ཏེ་དགོང་དྲོ་ཚོུད་༢༢ཙམ་ལ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་བཅས་ཀྱི་གནས་ཚུལ་མདོར་བསྡུས་སུ། རེ་ཀོང་ཚོགས་ཆུང་གི་འཐུས་མི་ནས་ཟླ་༤ཚེས་༡༦ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 5 སྡོམས་རོགས།