༄༅།།༸རྒྱལ་བའི་༸སྐུ་འཕྱའི་ཞབས་རིམ་དང་བསྟུན་སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བཞེས་པ་དང་རྒྱལ་གཅེས་པ་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གོ་སྒྲིག་ཞུས།

ཕྱི་ལོ་༢༠༡༧།༠༩།༢༤ ཉིན་ས་གནས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ལོ་ལྟར་གོ་སྒྲིག་ཞུས་བཞིན་ཡོད་པའི་༸རྒྱལ་བའི་སྐུ་འཕྱའི་ཞབས་རིམ་དང་བསྟུན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་བུད་མེད་ལྷན་ཚོགས་གཉིས་མཐུན་མོང་གི་གོ་སྒྲིག་འོག་རི་ཀོན་ཆོས་འཁོར་དགོན་དུ་དགོན་པའི་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམ་པ་དང་སྤྱི་ཟུར་རྣམ་པ།བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པ།དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་ས་གནས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ་དེ་བཞིན་མི་མང་གསུམ་བརྒྱ་བརྒལ་བ་འདུ་འཛོམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བརྟན་ཕྱིར་༸རྒྱལ་བའི་༸སྐུ་འཕྱའི་ཞབས་རིམ་དང་། 

འཛམ་གླིང་བོན་གྱི་ཆོས་བརྒྱུད་ཆེན་པོའི་དབུ་ཁྲིད་༸ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་དགོངས་པ་བོན་དབྱིངས་ཐིམ་ཚུལ་བཞེས་པར་སྐྱོ་གདུང་དང་།བསྟན་འགྲོར་སྨན་པའི་མཛད་པ་རྣམ་ཐར་ལ་མོས་གུས་དང་བཅས།དད་གདུང་གི་སེམས་ཚོར་རྣོན་པོའི་དགོངས་རྫོགས་ཀྱི་མཆོད་འབུལ།  དེ་བཞིན་ད་ལམ་ཕྱི་ལོ་ ༢༠༡༧ ཟླ་ ༠༩ ཚེས་ ༠༧ ཉིན་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ནས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཞལ་ཆེམས་ཡིག་གེ་ཤོག་ལེབ་གཉིས་ཅན་མཉམ་འབྲེལ་རྒྱལ་ཚོགས་དང་སུད་སི་གཞུང་བཅས་ལ་གཞག་ནས་སུད་སིར་(Emmen Brücke)ལ་རང་སྲོག་གཅོད་ཆེད་བསྐྱོད་བཞིན་པའི་མེ་འཁོར་ཞིག་གི་འོག་འཛུལ་བའི་དོན་རྐྱེན་འོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་གདུང་སེམས་མཉམ་སྐྱེད་དང་ཁོང་གི་གཙོས་པའི་ད་བར་དུ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཡོངས་ཀྱི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་ཉིན་དགུང་གསོལ་ཚིགས་གང་རྒྱས་ཤིག་བཅས་དེ་ཉིན་སྔ་དྲོའི་ཚོུད་ ༠༩།༣༠ ནས་ཚོུད་ ༡༢།༣༠ བར་ཚོགས་གནང་། སྐབས་དེར་དགོན་པའི་མཁན་རིན་པོ་ཆེ་མཆོག་ནས་བསྔོ་བ་སྨོན་ལམ་གསུང་བ་དང་། ས་གནས་བོད་རིགས་མི་མང་ཚོགས་གཙོ་དང་ས་གནས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་རྣམ་གཉིས་ནས་གདུང་སེམས་མཉམ་སྐྱེད་ཀྱི་གསུང་བཤད་གཟབ་རྒྱས་བཅས་༸རྒྱལ་བའི་༸སྐུ་འཕྱའི་ཞབས་རིམ་དང་སྨོན་ལམ་མཆོད་འབུལ་འདི་བཞིན་ཧ་ཅང་གི་ཚག་ཚུད་ངང་མཇུག་སྒྲིལ་གནང་། ས་གནས་གསར་འགོད་པ་ཤ་བོ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།