ལོ་གསར་མཛད་སྒོ་དང་སྐུ་ཕྱཱའི་ཞབས་རིམ་གསོག་སྒྲུབ་ཞུས་པ།

༄༅།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་གནམ་ལོ་གསར་ཚེས་ཀྱི་རྟེན་འབྱུང་མཛད་སྒོ་དང།༸སྐུ་ཕྱཱི་ཞབས་རིམ་གསོག་སྒྲུབ་ཞུས།དེ་ཡང་༢༠༡༦ཟླ་༢ཚེས་༩རེས་གཟའ་མིག་དམར་ཉིན་ཞོགས་པ་ཕྱག་ཚོད་༩།༣༠ཐོག་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས་དབུས་༸སྐྱབས་གནས་དགེ་འདུན་རྣམ་པ།ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དབུས་སྤྱི་ཟུར་རྣམ་པ།དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས།སུད་སི་དང།ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་སྦྲེལ་པོའི་དབུས་ས་གནས་འཐུས་མི་ཁག་ཅིག་དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་མཛད་གཙོ་རྣམ་པ་བཅས་ས་གནས་མི་མང་༦༧༠བརྒལ་བ་འདུ་འཛོམས་བྱུང་ཡོད་འདུགཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་སྤོས་སྣེས་སྔོན་བསུས་ཏེ་ཆོས་འཁོར་དགོན་གྱི་འདུ་ཁང་བཞུགས་ཁྲིའི་སྟེང་གདན་ཞུས་ཀྱིས་མཁན་རིན་པོ་ཆེ་མཆོག་དང།མཛད་གཙོ་རྣམ་པས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང་རྟེན་འབྱུང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས།

མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག་ནས་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས་ཚང་མས་མཁྱེན་གསལ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་ཡོངས་ཁྱབ་གསལ་བསྒྲགས་བསྐྱང་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཕྱཱའི་ཞབས་རིམ་གཙོ་བོ་༸རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་བཅས་གང་མང་གསོག་སྒྲུབ་དགོས་པ་དེ་ལྟར་དེ་རིང་ལོ་གསར་གྱི་ཆོས་ཕྱོགས་མཛད་སྒོ་དང་སྟབས་བསྟུན་མི་མང་ཧ་ཅང་མང་པོ་ཕེབས་འཛོམས་ཡོད་པ་བཅས་གཙོ་བོ་གོང་གསལ་ཞབས་རིམ་ཁག་གསོག་སྒྲུབ་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བསྐྱང།ཞབས་རིམ་གསོག་སྒྲུབ་ཞུ་བཞིན་ངང་རང་སྲོལ་ལོ་གསར་གྱི་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུ་བཞིན་ཐོག་མཁན་རིན་པོ་ཆེ་མཆོག་ནས་ཆོས་ཕྱོགས་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་རྗེས་མུ་མཐུད་ནས།རྒྱལ་བའི་མཚན་སྔགས།སྨན་བླའི་གཟུངས།སྒྲོལ་མའི་གཟུངས་བཅས་གྲངས་གསོག་ངང་མི་མང་ཚང་མར་གསོལ་ཇ་བཞེས་བག་འདེགས་འབུལ་ཞུས།ཕྱག་ཚོད་༡༡།༣༠ཐོག་ས་གནས་འཐུས་མི་མཁར་རྟགས་པ་བཀྲ་ཤིས་བསོད་ནམས་ལགས་ནས་མཇུག་བསྡོམས་ཐུགས་རྗེ་ཆེ་ཞུའི་རྗེས་མི་མང་ཚང་མས་མཉམ་རུབ་ཀྱིས་གཙང་མ་བཟོས་པ་བཅས་དེ་ཉིན་གྱི་ལས་རིམ་མཇུག་སྒྲིལ་ཞུས།གསར་འགོད་པ་བསམ་པ་དོན་གྲུབ།

འདྲ་པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 4 སྡོམས་རོགས།