ཤར་ཡུ་རོབ་ཨཱོསི་ཊེར་ཡར་རྒྱལ་སའི་ཧེལ་ལྡན་ཞེས་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སྟོང་མང་པོས་ལས་འགུལ་རྒྱ་ཆེ་སྤེལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་དང་སྙན་གྲགས་ཁྱད་དུ་འཕགས་པས་ནུས་སྟོབས་ལ་བརྟེན་ས་གནས་སུ་ཕྱི་རྒྱལ་བ་དང་བོད་མི་ཡུ་རོབ་གང་ས་དང་། ལྷག་པར་སུད་སི་བཅས་མི་མང་སྟོང་བཅུ་ལྷག་མཉམ་འཛོམས་གནང་ཐུབ་པ་བྱུང་འདུགཉིན་རྒྱབ་ཆུ་ཚོད་༢་་༣༠ཡོལ་ཙམ་མཛད་སྒོ་དབུ་འཛུགས་ཞུས་པ་དང་བློ་མཐུན་པ་སྙན་གྲགས་ཅན་གྱི་མི་སྣ་ལོ་མང་ནས་༸གོང་ས་མཆོག་དང་མཐུན་གྲོགས་ཡིན་པ་མང་པོས་གསུང་བཤད་གནང་པ་དང་བོད་དོན་དང་བོད་པའི་ཐབས་ལམ་ཐོག་བློ་གཅིག་རྩེ་གཅིག་གི་རྒྱབ་སྐྱོར་གྱིས་རྣམ་པ་སྟོན་གནང་ཡོད་པ་རེད། རང་གཞུང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ནས་མང་ཚོགས་ལ་བོད་དོན་དང་འབྲེལ་བས་བོད་ནང་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་མང་པོས་རང་ལུས་མེར་སྲེག་བྱ་དགོས་དོན།བོད་ཀྱི་བདེན་མཐའ་ཉེ་བར་གསལ་ཐུབ་པས་རེ་བ་དང་ཐབས་ཤེས་ཅི་འདྲ་ཡོད་མེད་ འཛམ་གླིང་སྤྱི་ཡོངས་སུ་ད་བར་བསམ་ཚུལ་ལས་འདས་པས་འགྱུར་ཐོག་གང་འདྲ་བྱུང་ཡོད་མེད་དང་བྲེལ་བོད་ཀྱི་བདེན་མཐའ་ཡང་གསལ་ཐུབ་པས་གསུང་བཤད་གནང་པས་རྗེས་ བོད་ཀྱི་བླ་ན་མེད་པ་དབུ་འཁྲིད་༸གོང་ས༌སྐྱབས་མགོན་ཆེན་པོ་མཆོག་གདིངས་ཆའི་སྟེང་༸ཞབས་སོར་འཁོད་མ་ཐག་མི་མང་ཡོངས་ནས་དགའ་སྣང་ཤིན་ཏུ་ཆེན་པོའི་ཐོག་དགའ་བསུ་ཞུས་སོང། ཐོག་མར་མགོན་པོ་གང་ཉིད་ནས་བོད་སྐད་ཐོག་བོད་མི་ཚོར་རང་གི་སྔ་རྒྱུན་ནས་ཡོད་པས་བོད་སྐད་དང་རྩ་ཆེན་ནང་ཆོས་ལ་ཐུགས་སྣང་དང་སློབ་སྦྱོངས་གནང་དགོས་པ་ བོད་པའི་བཟང་སྤྱོད་ཀྱི་རྣམ་པ་དེ་མ་ཡལ་བ་བྱ་དགོས་པ་བཅས་ཀྱི་བཀའ་སློབ་ནན་གཏན་ཕེབས་སོང་། དེ་བཞིན་ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་བར་བོད་ནང་གི་ཁོར་ཡུག་ལ་འགྱུར་བ་ཆེན་པོ་འགྲོ་བའི་རྐྱེན་ལྷོ་ཨེ་ཤི་ཡའི་ས་འཁུལ་མང་པོའི་ནང་དཀའ་ངལ་དང་། བོད་ནང་གི་ཁོར་ཡུག་ལ་བྱུར་རྐྱེན་བྱུང་ཚེ་གསོ་ཐབས་དཀའ་བས་ཡུ་རོབ་མི་མང་ནས་ཐུགས་སྣང་དགོས་པས་བཀའ་སློབ་དང་ ཡ་རབས་བཟང་སྤྱོད་དང་སེམས་ཅན་ཀུན་ལ་བརྩེ་སེམས་ཀྱི་སྙིང་རྗེ་ལྡན་པས་བོད་མིའི་ཡ་རབས་དེ་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད་པ་དང་ བོད་པའི་ཞི་བདེའི་འཐབ་རྩོད་དེ་འཛམ་གླིང་སྤྱི་ལ་མིག་དཔེ་བཟང་པོ་ཡོང་བས་དགེ་མཚན་ཆེན་པོ་ཡོང་རྒྱུ་ཡིན་དུས་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་། རིམ་བཞིན་གསུང་བཤད་གནང་མཁན་དང་མཐའ་མར་སུད་སི་ཟློས་གར་དང་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་བཅས་ནས་བཀྲིས་གསུང་པ་དང་བསངས་གསོལ་བཅས་གནང་ནས་མཛད་སྒོ་རྒྱལ་ཁའི་ངང་འཇུག་བསྒྲིལ་བྱུང་སོང་། ཚོགས་ཁང་བསྟན་འཛིན་བློ་གསལ་ནས། འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།