ས་གནས་གྷེ་ལ་རུ་སི་ནང་རྒན་གཞོན་འབྲེལ་ལམ་དུས་དྲན།

ཕྱི་ཟླ་ ༧ ཚེས་ ༢ དང་ ༣ ཉིན་གྷེ་ལ་རུ་སི་ས་གནས་ལིན་ཐལ་ཕ་ར་ཚོགས་ཁང་ནང་ས་གནས་འཐུས་མི་གྲ་བསྒྲིག་འོག་རྒན་གཞོན་འབྲེལ་ལམ་དུས་དྲན་བསྲུང་བརྩི་གནང་བ་དང་།  དུས་དྲན་དེ་རླབས་ཆེན་མཐོང་བ་དང་སྔ་མོ་རྒན་པ་རྣམས་ནས་བསམ་བློ་རྒྱ་ཆེ་དགོངས་པ་བཞེས་ནས་རྒན་པ་དང་གཞོན་པའི་དབར་འབྲེལ་མཐུད་ཆེད་དུ་ལོ་ལྟར་ལྷན་འཛོམས་ཀྱིས་ཕན་ཚུན་དབར་ངོ་སྤྲོད་ཆེད་དུ་བཙུག་པ་དང་།   དེའི་ཉིན་ས་གནས་ས་གནས་གཞོན་ནུ་རང་དབང་དང་བེུད་ཚོགས་པ་གཡུ་མཚོ་དང་ཧི་མ་ལ་ཡ་སྤོ་ལེ་ཚོགས་པ་བཅས་ནས་ལས་འགུལ་རོགས་པ་གནང་སྟེ།  ཉིན་གུང་བཞེས་ལག་འགན་ཆ་ཚང་ས་གནས་བེུད་ཚོགས་པ་གཡུ་མཚོ་དང་དགོང་དྲོའི་བཞེས་ལག་གྲ་སྒྲིག་ཆ་ཚང་ཧི་མ་ལ་ཡ་སྤོ་ལེ་ཚོགས་པ་དང་།  སྲེག་ཟས་རིགས་ཆ་ཚང་དང་དགོང་དྲོའི་ལས་རིམ་བཅས་ས་གནས་གཞོན་ནུ་རང་དབང་ནས་གྲ་བསྒྲིག་གགནང་།  དེའི་ཉིན་རྒན་གཞོན་གཉིས་བསྲེས་ནས་རྐང་སྤོལ་དང་དྲ་སྤོལ་དང་ཤོ་བཅས་འགྲན་བསྡུར་གནང་ནས་ཟུར་བལྟས་རྣམས་བསྟན་གཤིད་ཁ་ལད་ཀྱིས་གང་ལྟར་དགའ་ཚོར་རྣམ་པ་དང་གཞོན་པ་རྣམས་རྒན་པ་མཉམ་དུ་བོད་སྐད་མ་རྒྱབ་ཀ་མེད་བྱུང་ནས་སོ་སོའི་སྐད་ལའང་དོ་སྣང་བྱུང་སོང་།  ཉིན་གཉིས་རིང་གནམ་གཤིས་ཡང་ཧ་ཅང་ཡག་པོ་བསྟན་ནས་རྒན་གཞོན་ཚང་མས་ཕྱི་ལོག་ཏུ་གོར་གཞས་འཁྲབ་ནས་མཐའ་མ་རྒྱལ་ཁའི་ངང་ནས་གྲོལ་བ་ལགས་སོ། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 5 སྡོམས་རོགས།