ས་གནས་ཨར་གྷའོ་ཚོགས་ཆུང་ནས་བོད་ཀྱི་ཛ་དྲག་ལས་འགུལ་སྤེལ་བ།

ཕྱི་ལོ་ ༢༠༡༣ ལོའི་  ཟླ་  ༨  ཚེས་  ༡༠  ཉིན།  སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གི་བོད་ནང་གི་ཛ་དྲག་གནས་སྟངས་ཁྱབ་བསྒྲགས་ཤུགས་ཆེར་སྤེལ་སླད་ཚོགས་ཆུང་ཉི་ཤུ་རྩ་གསུམ་གྱི་ས་གནས་ཁག་སོ་སོར་ཡིག་ཆ་འགྲེམས་འཇོག་ཞུ་འཆར་ཡོད་པ་བཞིན།  དེ་རིང་ཨར་གྷའོ་ས་གནས་ཚོགས་ཆུང་གིས་བོད་ནང་གི་ཛ་དྲག་གནས་སྟངས་འཁོད་པའི་ཡིག་ཆ་མང་པོ་ཞིག་རཱ་ཡེན་ཕེལ་དིན་གྲོང་ཁྱེར་གྱི་ཡུལ་མིའི་ཡིག་སྒམ་ནང་འགྲེམས་འཇོག་གི་ལས་འགུལ་སྤེལ་བ་དང་།  ས་གནས་ཡུལ་མིའི་རྒྱབ་སྐྱོར་གྱི་རྣམ་པ་ཡོད་མེད་ལ་མ་ལྟོས་པར་གཙོ་བོ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་གནང་རྒྱུ་དེ་གལ་ཆེར་དམིགས་ནས་ཚོགས་ཆུང་གཞན་དག་གིས་ཀྱང་མི་རིང་བར་ཡིག་ཆ་འགྲེམས་འཇོག་གནང་སྐྱོང་ཡོང་བའི་གཞེན་སྐུལ་དང་བཅས།  ས་གནས་ཨར་གྷོ་ཚོགས་ཆུང་གི་འཐུས་མི་སྙིང་པོས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།