ས་གནསར་རི་ཀོན་་ཚོགས་ཆུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་བཅས་ཀྱི་ཞབས་རིམ་སྨིན་སྒྲུབ་ཞུས་པ།

༄༅། ༢༠༡༤། ཕྱིན་ཟླ་ ༡༠་ ཚེས་ ༡༢་ ཉིན་ས་གནས་རི་ཀོན་ཚོགས་ཆུང་མི་མང་བརྒྱ་ལྷག་ཙམ་ནས་བོད་ལྗོངས་བསྟན་པ་ཆབ་སྲིད་དང་། སྐྱེ་འགྲོའི་བདེ་ཐབས།ལྷག་པར་བོད་གངས་ཅན་ལྗོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཕྱྭའི་ཞབས་རིམ་ཁག་གསོག་བསྒྲུབས་དང་འབྲེལ་བསྔོ་སྨོན་མཆོད་འབུལ་ཞུས། ཕྱིན་ཟླ་ ༡༡་ ཚེས་༠༩ ཉིན་རྒྱབ་ཚོུད་ ༡༤ ནས་ ༡༧་༣༠་ བར་སླར་ཡང་སྐུ་ཕྱའི་ཞབས་རིམ་གསོག་བསྒྲུབས་བྱེད་རྒྱུ་ཡིན། དེ་བཞིན་ཉིན་འདིར་༢༠༡༥་བརྟེན་ཞུ་ཆེད་བོད་མི་སྒྲིག་ཛུགས་ནས་གསལ་སྒྲགས་བྱེད་ཟིན་པར་བོད་མི་རེ་རེ་ནས་སུད་སྒོར་ ༠༣་ དང་བློ་འདོད་ཞལ་འདེབས་བསྡུས་པ་བཅས་གང་ལེགས་བྱུང་སོང་བ། ས་གནསརི་ཀོན་་ཚོགས་ཆང་ས་མཐུས་བརྡ་སྐྱལ་ཐུབ་བསྟན་དགེ་ལེགས་ནས་ཀྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།