སུད་སི་གྲོང་ཁྱེར་ཛུ་རིག་ནང་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་མཉམ་རུབ་ཐོག་ རྒྱ་ནག་ནང་ཨོ་ལིམ་པི་བརྩེ་འཆར་ཉེ་བ་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་གནང་སོང་།
སྤྱི་ལོ་ ༢༠༢༢ ལོར་ཟླ་ ༢ པ་ནང་རྒྱ་ནག་པེ་ཅིན་དུ་ཨོ་ལིམ་པི་བརྩེ་འགྲན་དེ་ལ་མོས་མཐུན་མེད་པའི་རྒྱུ་མཚན་ནི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད་ དགུང་ལོ་དྲུག་ལ་སོན་པའི་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆ་གར་སོང་ཆ་མེད་དུ་གྱུར་པ་བོད་ནང་དུ་བོད་ཀྱི་སྐད་དང་ཡི་གེ་ཆོས་དང་རིགས་གཞུང་ལ་རྒྱ་ནག་དམར་གཞུང་ནས་དམ་དྲག་ཤུགས་ཆེ་བྱེད་དང་བྱེད་མུས་ཡིན་པ་ཞིབ་ཕྲའི་གནས་ཚུལ་སུད་སི་ཚོགས་ཆུང་ར་པལ་སི་ཝིལ་དང་ རུ་ཏིའི་གཉིས་ཀྱིས་གཏམ་བརྗོད་ཀྱི་ལམ་ནས་གཟིགས་འབུལ་ཞུས་སོང། ད་ལྟའི་ནད་ཡམས་དང་དགུངས་སེང་གི་གནས་སྟང་འོག་ས་ཁུལ་མི་མང་མང་མིན་ལ་མ་ལྟོས་པར་ ལས་འགུལ་ནང་མི་མང་བརྒྱ་གྲངས་མཉམ་ཞུགས་གནང་སོང།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ཀྱིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་སྐད་ཤུགས་ཆེན་པོས་སྐད་འབོད་གནང་སོང།
གསུང་བཤད་གནང་རྗེས་སྐད་འབོད་ཤུགས་ཆེ་གནང། མཐར་བདེན་ཚིག་སྨོན་ལམ་འདོན་ཚར་བ་དང་རུ་ཏིའི་འཐུས་མི་ནོར་ཁང་གསར་ལགས་ཀྱིས་གཏམ་བརྗོད་འཁྲབ་མཁན་ཡོངས་སུ་དམིགས་གསལ་ཐུགས་རྗེ་ཆེ་ཞུས་རྗེས་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་གནང་སོང།
གསར་འགོད་པ་ཝང་དཀར་ཚེ་རིང།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།