སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་དམིགས་བསལ་བཅར་འདྲི།

དྲི་བ།སྐུ་ཉིད་ཀྱིས་སུད་སི་བོད་རིགས་མི་མང་གི་ཚགས་ཤོག་མི་ལོ་༢༥རིང་འདོན་ཐེངས་༡༠༠ལོན་པར་བཀྲ་ཤིས་རྟེན་འབྲེལ་གྱི་ཤིས་ཚིག་འདྲ་གསུང་ཡ་ཡོད་དམ།

བཀའ་ལན།གསར་འཕྲིན་འདི་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་འཛུགས་ཐུབ་པ་དང་མཇུགས་སྐྱོར་ལོ་༢༥ ལྷག་རིང་གནང་ཐུབ་པ་དེ་གཟི་བརྗོད་ཆེན་པོ་རེད་དྲན་གྱི་འདུག ག་རེ་རེད་ཟེར་ན། ལོ་༢༥ ཟེར་དུས་ལས་སླ་བོ་མ་རེད། འདི་འདྲའི་རིང་ལ་གསར་འཕྲིན་འགན་ཁུར་མཁན་ཚོ་དང་རྩོམ་སྒྲིག་ཚོགས་ཆུང་ནང་ལ་ཕྱག་ལས་གནང་མཁན་ཚོས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བའི་བཀའ་དྲིན་ལ་བརྟེན་ནས་ལོ་༢༥ རིང་གསར་འཕྲིན་མུ་མཐུད་ཚགས་ཤག་འདོན་གནང་ཐུབ་པ་མ་ཟད། ད་ལྟ་འདོན་ཐེངས་༡༠༠ ཐམ་སླེབས་པ་འདིའི་སྐབས་ཕྱག་ལས་གནང་མཁན་ཚང་མ་ལོ་བཀྲ་ཤིས་བདེ་ལེགས་དང་བསྔགས་བརྗོད་ཞུ་ཡ་ཡིན།

དྲི་བ་གཉིས་པ།

ཚགས་ཤག་འདི་ལྟ་བུ་ཞིག་ལོ་མང་རིང་དཀའ་ལས་རྒྱག་མཁན་མི་རབས་རྒན་པ་རྣམས་དང་།ལྷག་པར་དུ་འདས་པའི་འབྲེལ་ཡོད་སུད་སི་བོད་རིགས་མི་མང་གི་འཐུས་མི་སྔ་མ་རྣམ་པར་སྐད་ཆ་འདྲ་གསུང་ཡ་ཡོད་དམ།

བཀའ་ལན།ཡོད་དང་ཡོད། མི་རབས་རྒན་པ་ཚོ་ཟེར་དུས་ཧ་ཅང་གི་རྩ་ཆེན་པོ་དང་བཀའ་དྲིན་ཆེན་པོ་རེད། བོད་ཀྱི་རིགས་གནས་གང་དང་གང་ཡིན་ནའང་མི་ཉམས་བརྒྱུད་འཛིན་གནང་ཐུབ་པ་འདི་ཁོང་རྣམ་པ་ཚོའི་བཀའ་དྲིན་རེད། ཁོང་རྣམ་པ་ཚོས་ལས་དོན་ག་རེ་ཡིན་ན་འཆར་གཞི་བཀོད། སྐུ་ངལ་བསྐྱོན་མེད་པ་ཡིན་ན་ད་ལྟའི་གསར་འཕྲིན་ཕར་ཞོགས། ད་ལྟ་འདིར་སྡོད་མཁན་བོད་པ་ཚོས་སོ་སོའི་གནས་སྟངས་ཀྱང་གནས་སྟངས་གཞན་པ་ཞིག་གི་སྒང་ལ་སླེབས་ཡོད་རེད་དྲན་གི་འདུག དེ་འདྲའི་སྐུ་ལས་བསྐྱོན་མཁན་དེ་ཚོ་ལོ་གཅིག་དང་ཟླ་བ་ཁ་ཤས་ཀྱི་སྐད་ཆ་མ་རེད། ལོ་༢༥ ལྷག་རིང་ལ་ལས་ཀ་བསྟར་ཆགས་ལྟར་གནང་ཡོད་པ་དང་། དེའི་རིང་ལ་སོ་སོའི་སྒེར་གྱི་ལས་དོན་མང་པོ་བློས་བཏང་ནས་སྤྱི་བའི་ལས་དོན་དེ་གལ་ཆེ་བ་ཞིག་ལ་བརྩིས། ལྷག་པར་ཏུ་གསར་འཕྲིན་གྱི་གནས་བབ་ཟེར་པ་དེ་འཛམ་བུ་གླིང་གི་ནང་ལ་དགོས་གལ་ཆེ་ཤོས་ཤིག་ཆགས་ཡོད་དུས། འདིའི་ནང་ལ་ཕྱག་ལས་གནང་མཁན་ཚོས་དཀའ་བ་ཁྱད་དུ་བསད་ནས་ཕྱག་ལས་གནང་ཡོད་རེད། གནང་བ་དེ་ལ་ཡང་ང་ཚོ་ཚང་མས་རྗེས་སུ་ཡི་རུང་ཞུ་དགོས་པ་དང་། མུ་མཐུད་ནས་ཁོང་རྣམ་པ་ཚོས་མཛད་རྗེས་དེ་དམ་འཛིན་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་ཐོག་ནས། ཁོང་རྣམ་པའི་མཛད་རྗེས་དེ་བསུབ་ཐབས་མེད་པ་ཞིག་སྟབས། ད་ལྟ་ཕྱག་ལས་གནང་མཁན་ཚོས་མུ་མཐུད་ཕྱག་ལས་མཇུག་སྐྱོང་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་རེད་བསམ་གྱི་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།