སུད་སི་ས་གནས་མདོ་སྨད་དབུ་བརྙེས་ནས་ལོ་འཁོར་༤༠འཁོར་བའི་དུས་དྲན་མཛད་སྒོ།

སྤྱི་ལོ་༢༠༢༦་ལོའི་ཟླ་༠༦པའི་ཚེས་༢༠་ཉིན་རི་ཀོན་ས་གནས་སློབ་གྲྭའི་ཚོགས་ཁང་ནང་སུད་སི་ས་གནས་མདོ་སྨད་དབུ་བརྙེས་ནས་ལོ་འཁོར་༤༠འཁོར་བའི་དུས་དྲན་མཛད་སྒོ་ཚོགས་སོང་། དུས་དྲན་མཛད་སྒོ་སྟེང་སྐུ་མགྲོན་གཙོ་བོ་ཁ་ན་ཌ་ལ་གནས་བཞུགས་འབུམ་རམས་པ་དགེ་་རྒན་རྒྱལ་ལོ་ལགས་གཙོ་བྱས་པའི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་པོ། སྤྱི་ཟུར་དང་དོན་ཟུར། སུད་སི་དང་་ལེཀ་ཏེན་སུ་ཏན་བོད་རིགས་མི་མང་གི་ཚོགས་པའི་ཚོགས་གཙོ་དངོས་སྒྲུབ་རྒྱ་མཚོ། དེ་བཞིན་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམ་གསུམ། སུད་སི་མདོ་སྨད་ཀྱི་རྒན་རབས་པ་རྣམ་པ། ས་གནས་མི་མང་བརྒྱ་ཕྲག་མང་པོ་ཕེབས་ནས་མཛད་སྒོ་རྒྱས་པ་ཞིག་ཚོགས་སོང་། གཏམ་བཤད་ཁྲོད་འབུམ་རམས་པ་རྒན་རྒྱལ་ལོ་ལགས་ནས་བོད་ནང་གི་གནས་སྟངས་དང་རྒྱ་ནག་གིས་བོད་ནང་སྲིད་ཇུས་འདྲ་མིན་སྤེལ་དང་སྤེལ་བཞིན་པའི་དམིགས་ཡུལ་དང་ཉེན་ཁ།  ང་ཚོ་ཕྱོགས་ནས་གྲ་སྒྲིག་ཅི་དགོས་སྐོར། ཆོལ་གསུམ་ཆིག་སྒྲིལ་གྱི་གལ་ཆེ་རང་བཞིན།  ང་ཚོས་༧རྒྱལ་བའི་བཀའ་དགོངས་ལ་ལག་ལེན་བྱེད་ཚུལ་སོགས་གསུངས་བཤད་ཧ་ཅང་གིས་གལ་གནད་ཅན་གསུངས་སོང་། 

ལས་རིམ་གྱི་ཐོག་མ་སུད་སི་ས་གནས་མདོ་སྨད་་ས་གནས་ཚོགས་གཙོ་ཀླུ་རྒྱལ་དོན་འགྲུབ་ལགས་ནས་ཚོགས་པའི་བྱུང་རབས་ངོ་སྤྲོད་དང་རི་ཀོང་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཡིས་གསུངས་དོན་ཕ་མ་རྣམས་ནི་མི་མངོན་པའི་དཔའ་བོ་ཡིན།འདིར་་ཡང་ཕ་མ་མང་པོ་ཞིག་གིས་སོ་སོའོ་་ཕྲུ་གུའི་རྒྱུད་ལ་བོད་ཀྱི་སྐད་ཡིག་དང་ཡི་གེ་རིག་གཞུང་སོགས་འཇགས་ཐུབ་པ་བྱེད་ཀྱི་འདུག་པས་རྗེས་སུ་ཡི་རང་་ཡོད།

དེ་རིང་དམིགས་བསལ་གྱིས་་གོ་སྐབས་འདི་བརྒྱུད་ནས་མདོ་སྨད་ཆོལ་་ཁར་ཐུགས་རྗེ་ཆེ་ཞུ་གི་ཡིན།་གང་་ཡིན་ཟེར་ན་ངས་དེ་སྔོན་ནས་ང་ཚོས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་སྟེགས་ཤིག་འབུལ་དགོས་ཀྱི་འདུག་ལབ་གི་ཡོད།་དེ་སྔ་མ་དྲག་ནས་འཕྱི་་མི་འདུག་ལབ་ཡིན།་མདོ་སྨད་ཆོལ་་ཁ་བཡི་ངོས་ནས་གོ་སྟོན་སྐབས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་སྟེགས༼དུས་རབས་ཉེར་གཅིག་པའི་སྟོན་པ་༽ཞེས་པའི་གཟེངས་སྟེགས་ཤིག་ཕུལ་སོང་ཐུགས་རྗེ་ཆེ་ཞུ་གི་ཡིན་གསུངས་སོང་།

འབུམ་རམས་པ་རྒན་རྒྱལ་ལོ་ལགས་ནས་ང་༢༠༢༡ལོར་བོད་ནང་ནས་ཡོང་དུས་བོད་ནང་གི་བླ་་མ་དང་དགེ་རྒན། ལས་གྲོགས་་དང་སློབ་ཕྲུག་མང་པོ་ཞིག་གིས་ང་ཕྱི་ལོགས་ལ་ཡོང་དུས་མིག་ཆུ་འདོན་བཞིན་༼ཁྱོད་ཕྱི་ལོགས་ལ་འགྲོ་དུས་ང་ཚོ་མ་བརྗེད་རོགས།ང་ཚོས་ག་རེ་མྱང་གི་ཡོད་པ་ཁྱོད་ཀྱིས་ཤེས་གི་རེད་༽གསུངས་སོང་།་སྐད་ཆ་དེ་ད་རུང་ངའི་སེམས་ལ་ཟུག་ཡོད་ལ་ངས་སེམས་ལ་ཉར་ཡོད། ངས་དེ་དག་སེམས་ལ་ཉར་དོན་ནི་བོད་མི་རིགས་ཀྱི་མ་རྩ་བོད་ནང་ལ་ཡོད་པས་ཡིན།

བོད་ནང་རྒྱ་གཞུང་གིས་བསྟུན་མར་སྲིད་ཇུས་་འདྲ་མིན་མང་པོ་སྤེལ་་ནས་་བོད་ཀྱི་ངོ་བོ་དང་རིག་གཞུང་རྩ་མེད་བཟོ་བཞིན་འདུག འདིར་ཡོད་ཀྱི་བོད་མི་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་མ་འོངས་པར་གྲ་སྒྲིག་དགོས་ཀྱི་འདུག རྒྱ་ནག་ལ་འགྱུར་བ་ཞིག་འགྲོ་དུས་ང་ཚོ་ལ་ངེས་པར་དུ་གྲ་སྒྲིག་དགོ་གི་རེད། གལ་ཆེ་ཤོས་ནི་་བོད་ཆོལ་གསུམ་དང་ཆོས་རྒྱུད་ཁག་ཚང་མ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་རེད། ༢༠༢༠ལོར་བོད་ནང་མི་འབོར་གྲངས་གཤེར་སྐབས་བོད་མིབརྒྱ་ཆ་༦༧གཡས་གཡོན་རེད། ད་དུང་མ་རྩ་ཡག་པོ་རེད།

བཅའ་སྡོད་སློབ་གྲྭའི་སྐོར་གསུངས་དོན། བཅའ་སྡོད་སློབ་གྲྭར་རིགས་གསུམ་འདུག རིགས་དང་པོ་ནི་སྤྱི་ལོ་་༡༩༧༩ནས་རེད། སློབ་ཚན་གྱི་ནང་དོན་ཆ་ཚང་རྒྱའི་་རིག་གཞུང་རེད། དེ་དག་བོད་ཡིག་ནང་བསྒྱུར་ནས་སྦྱང་བ་རེད། བོད་རང་གི་རིག་གཞུང་སློབ་དེབ་ནང་བཀག་ཚར་རེད། རིགས་གཉིས་པ་ནི་༡༩༨༥ནས་འགོ་ཚུགས བོད་ཕྲུག་ལོ་་ཆུང་མང་པོ་རྒྱ་ནག་ལ་ཁྲིད་ནས་ལོ་མང་ཉར་རྗེས་ཕྱིར་བོད་ལ་སླེབས་རྗེས་ནང་མི་ངོ་མི་ཤེས་པ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་དྲི་མ་མེད་པ། དེའི་རིགས་ནི་ཉུང་ཉུང་མ་རེད། དེ་ནས་རྒྱ་ནང་གི་བོད་ཕྲུག་དེ་དག་རྒྱ་ནང་ནས་ཕྱིར་བོད་ནང་འགྲོ་མ་ཆོག་པ་རེད། དེའི་ཤུགས་རྐྱེེན་ད་ལྟ་བོད་ནང་སླེབས་འདུག དབུས་གཙང་ནང་བོད་ཕྲུག་བརྒྱ་ཆ་༧༠ཙམ་ཆོས་ལ་དད་པ་མེད་མཁན་རེད། ཕྲུ་གུ་ལ་རྒྱའི་བྱ་སྤྱོད་ཡོད་པས་ཕ་མདང་ཕྲུ་གུ་བར་འགལ་ཟླ་ཡོང་བཞིན་པ་སོགས་གསུངས།

དེ་ནས་ཁོང་གིས་བཙན་བྱོལ་བོད་མིའི་སྐོར་གསུངས་དོན་བཙན་བྱོལ་ནང་རེ་ཟུང་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་ལ་འགྲེལ་ལོགས་རྒྱག་གི་འདུག རིགས་གཅིག་གིས་རྒྱ་ནག་ལ་ཚིག་རྩུབ་ཙམ་ཡང་གསུངས་འདོད་མེད་པ། རིགས་གཅིག་གིས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་དང་མཉམ་དུ་ལས་ཀ་བྱེད་གི་འདུག རིགས་གཅིག་གིས་བོད་རང་ལ་མེ་མདའ་རྒྱག་མཁན་ཡོད་པ། ༧བླ་མ་ལ་དད་ཚུལ་ངོ་མ་ནི་བླ་མའི་གསུངས་བརྩི་་ཡ་དེ་རེད།

ཉེ་ཆར་རང་རྒྱ་ནག་གིས་བོད་ལ་དམག་རྒྱག་སྟངས་གཉིས་ཀྱི་སྲིད་ཇུས་ཤིག་ངོ་སྤྲོད་བྱས་སོང་།་གཅིག་རྒྱལ་སྤྱིའི་སྟེངས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་དཔང་རྟགས་རྣམས་མེད་པ་བཟོ་ཡ་དེ་རེད། གཉིས་པ་ནི་བོད་ཀྱི་ས་གནས་སུ་ཡོད་པའི་རི་དང་ཀླུ། གཞི་བདག་ཡོད་ས། གསང་གཏོང་ས།་ལབ་རྩེ་གཏོད་ས་སོགས་སུ་རྒྱ་ཡིག་གི་འགྲེལ་བཤད་འབྲི་བ།  ཕྲུ་གུ་ལོ་བཞི་ནས་བཅའ་སྡོད་སློབ་གྲྭ་ནང་བཞག མཐོ་སློབ་ནང་བོད་ཡིག་མེད་པ་བཟོས འདི་ལྟར་འགྲོ་ན་ང་ཚོ་ལ་ཉེན་ཁ་ཧ་ཅང་ཆེ་གི ༢༠༢༠ལོར་རྒྱ་གཞུང་གིས་མདོ་སྟོད་སྨད་གཉིས་བོད་དང་འབྲེལ་་བ་ཡོད་པའི་ས་ཆ་རེད་མ་གཏོགས་བོད་ཡུལ་མ་རེད་ཟེར་ནས་གཏན་ལ་ཕེབས་ཡོད་རེད། ད་ལྟ་བོད་ཕྱི་ལོགས་ནས་ཆོལ་ཁའི་ཕྱོགས་ཞེན་ག་འདྲ་་གནང་གི་ཡོད། སེམས་སྐྱོ་་བ་རེད།

རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་གི་ཡོད་མོད་ང་ཚོ་ལ་གྲ་སྒྲིག་མེད་ན་འགྲིག་གི་མ་རེད། གལ་ཆེ་ཤོས་ནི་ང་ཚོ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དེ་རེད།

དེ་བཞིན་ཁོང་གིས་མུ་མཐུད་ནས་གསུངས་དོན། སོ་སོའི་ཕྲུ་གུ་རྣམས་ལ་ཆོལ་ཁ་དང་ཆོས་ལུགས་སྐོར་གྱི་འགྲེལ་བཤད་མ་རྒྱག ཕྲུ་གུ་ནི་རྣམ་དཔྱོད་དང་དྭངས་གཙང་གི་སེམས་པ་ཡིན་པས་ཁོང་ཚོས་གང་འགྲིག་པ་དང་ནོར་བ་་ཤེས་གི་རེད་སོགས་གསུངས་སོང་།

གསར་འགོད་པ་ དབང་གྲགས་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 7 སྡོམས་རོགས།