སུད་སི་ས་གནས་ར་པརསེ་ཝིལ་བོད་ཡིག་སློབ་གྲྭའི་ལོ་འཁོར་དབྱར་སྐྱིད་གསོལ་སྟོན་གོ་སྒྲིག་ཞུས་པ།

དེ་ཡང་ཕྱི་ཟླ་ ༩ ཚེས་ ༡༧ རེས་གཟའ་སྤེན་པར་ཉིན་རྒྱབ་ས་གནས་བོད་སློབ་འགན་འཛིན་རྣམས་ནས་ལོ་འཁོར་དབྱར་སྐྱིད་གསོལ་སྟོན་གཟབ་རྒྱས་ཤིག་གོ་སྒྲིག་གནང་ཐུབ་པ་བྱུང་འདུག སྐབས་དེར་མི་མང་རྒན་གཞོན་བརྒྱ་སྐོར་ཞིག་ནས་མཉམ་ཞུགས་གནང་ཡོད། བོད་སློབ་འགན་འཛིན་རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་ནས་གུས་བསུའི་འཚམས་འདྲིས་དང་གསོལ་སྟོན་གྱི་དགོས་དོན། ད་ལོ་ནས་ས་གནས་བོད་ཡིག་སློབ་གྲྭ་འདི་བཞིན་ཚོགས་ཆུང་ནས་འགན་ལེན་མཉམ་འཁུར་ཞུ་རྒྱུར་གྲོས་ཆོད་བཞག་པ་ལྟར་ཐེངས་དང་པོར་ས་གནས་འཐུས་མི་སྒོ་སྤེ་ཡོན་ཏན་ལགས་དང། དགོན་པ་བསྟན་རྣམ་ལགས་གཉིས་ངོ་ཕེབས་ཐུབ་ཡོད་པ་སོགས་གསུངས། ས་འཐུས་སྒོ་སྤེ་ཡོན་ཏན་ནས་ཚང་མར་འཚམས་འདྲི་དང་གོ་སྐབས་འདི་བརྒྱུད་ཚོགས་ཆུང་ཁུངས་ཡོད་པའི་ན་གཞོན་རྣམས་མཉམ་ཕེབས་ཡོང་བར་འབོད་བསྐུལ་ཞུས་པ་ལྟར་ཕེབས་ཐུབ་མེད། ལར་ནས་ན་གཞོན་ཚོས་སྔར་ལྷག་མཉམ་རུབ་འབྱུང་ཐབས་འབོད་བསྐུལ་ཞུས། དེ་མིན་གསར་དུ་བདམས་ཐོན་བྱུང་བའི་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་ཁོང་གི་ཕྱག་སྦྲེལ་བཀའ་བློ་དྲུག་བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་སུ་མིང་འདོན་ངོ་སྤྲོད་གནང་བར་སྤྱི་མོས་ཀྱིས་རྒྱབ་སྐྱོར་མོས་མཐུན་བྱུང་ཡོད་པའི་སྐོར། གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང། བཀའ་ཁྲི་མཆོག་རིམ་བཞིན་སུད་སིར་ཞབས་སོར་འཁོད་རྒྱུའི་གསལ་བསྒྲགས་ཞུས།མཇུག་ཏུ་བོད་དགེ་ཉམས་ཟུར་ཐུབ་བསྟན་ལགས་ནས་འདི་ལོ་དབྱར་ཁ་སློབ་ཕྲུག་ཁག་ཅིག་འཁྲིད་ནས་རྡ་ས་བོད་ཕྲུག་ཁྱིམ་སྡེར་ཕེབས་པ་བཅས་ཀྱི་བརྙན་པར་གཟིགས་འབུལ་ཞུས་པ་སོགས་ཀྱི་གནས་ཚུལ་སྙིང་བསྡུས་སུ། སྒོ་སྤེ་ཡོན་ཏན།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།