སུད་སིར་གནས་བཞུགས་ས་ར་ཟླ་བ་རྒྱལ་མཚན་ལགས་ལོ་གཅིག་གི་ཞི་རྒོལ་ཟླ་བ་ ༠༣ ཚེས་ ༡༠ གསུམ་བཅུ་དུས་དྲན་ཉིན་འཇུག་བསྡོམ་ལེགས་སྒྲུབ་བྱུང་བ།

༄༅། །བོད་ནང་གི་བོད་མི་ཚོས་རང་གི་གཅེས་པའི་ལུས་སྲོག་བོད་མིའི་རྩ་དོན་ཆེད་མཆོད་འབུལ་མེ་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་རེ་མདུན་དང་།  རང་ཉིད་ནས་བོད་དོན་ཆེད་ཇེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཕྱག་འཚལ་དང་མཚན་རྟགས་སྡུད་རུབ་ལོ་གཅིག་གིས་ལས་འགུལ་དེ་བཞིན་ཕྱི་ལོ་ ༢༠༡༢  ཟླ་བ་ ༠༣ ཚེས་ ༡༠ གསུམ་བཅུ་དུས་དྲན་ཉིན་འཇུག་བསྡོམ་ཞུ་ཡི་ཡོད་པ་སོང་། མི་མང་ལ་མཁྱེན་རྟོག་ཆེད་ལོ་གཅིག་གི་ལས་འགུལ་ཇི་ལྟར་སྤེལ་བས་བསྐོར་གསལ་བཤད་སྙིང་སྡུས་ཞུ་རྒྱུར། དང་པོ་ལས་འགུལ་སྤེལ་རྒྱུར་ཐེང་གསུམ་ཙམ་ཆོག་མཆན་ཡག་པོ་མ་རག་པའི་དཀའ་ངལ་བྱུང་པས་ཉེན་རྟོག་པར་ མི་མང་ཚོགས་གཙོ་ མེ་མི་སི་ཧོ་ཕར་པ་སངས་ལགས་ནས་རྒྱབ་བསྐྱོར་ཕྱག་རོགས་གནང་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་ལས་འགུལ་སྙན་ཞུ་འབུལ་རྒྱུའི་ཕྱག་བྲིས་བཅས་པར་ས་གནས་གྷེ་ལཱ་རུ་སི་འཐུས་མི་བྱང་ལྡན་ཉི་མ་ལགས་ནས་ཕྱག་རོགས་གནང་བ་ར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། 
རང་ཉིད་ནང་ནས་ཞོགས་པ་ཚོུད་༥་༥༣ ལ་ཐོན་ནས་ཇེ་ནེ་ཝར་ཚོུད་༠༩་༤༥ ཙམ་ལ་འབྱོར་མ་ཐག་ལས་འགུལ་གྱི་རེ་མདུན་སྦྱར་ཡིག་ཁག་བཤམས་ནས་སྐུ་ཕྱག་འབུལ་རྒྱུ།  སྙན་ཞུ་འགྲེམ་སྤེལ་དང་མཚན་རྟགས་བསྡུ་རུབ་སོགས་བྱེད་ནས་ཉིན་རྒྱབ་ཚོུད་ ༡༦་༤༥ ཐོག་ཇེ་ནེ་ཝར་ནས་ཐོན་ཏེ་ནང་དུ་ཚོུད་ ༢༠་༤༥ ཙམ་ལ་འབྱོར་རྗེས་སྐབས་རེ་ཚོུད་ ༢༡་༣༠ ལ་མཚན་ལས་འགྲོ་དགོས་བྱུང་བ་མ་ཟད་འཚམས་རེ་ཞོགས་པ་ཚོུད་ ༦་༠༠ མཚན་ལས་མ་འཚར་སྔོན་མེ་འཁོར་ནང་ཐོན་དགོས་ཡང་བྱུང་། སྙན་ཞུ་འགྲེམ་སྤེལ་གྲངས་༢༠༦༦མཚན་རྟགས་བསྡུ་རུབ་ཤོག་གྲངས་༡༤༥༣ དང་སྦྱར་ཡིག་བཅས་ལ་སོང་སྒོར་༧༥༦་༠༠ དང་ལམ་འགྲོན་དུ་འཁོར་གླ་སྒོར་ ༥༢༠ ལས་སོང་མེད་གང་ལ་ཞུ་ན་ས་གནས་ནས་ཉིན་ལོག་འཁོར་གླ་སྒོར་༤༠ གནས་པ་གྲངས་བཅུ་གསུམ་ཉོ་བྱུ་རག་སོང་། ཁྱོན་སོང་བསྡོམས་སྒོར་ ༡༢༧༦་༠༠ སོང་ཡང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ལུས་མེར་བསྲེགས་བཏང་བར་མཚོན་ན་གུས་ཀྱི་ལས་འགུལ་དེ་བཞིན་རྒྱ་མཚོའི་ནང་དུ་ཆུ་ཐིག་ཞིག་མཚོན་པའི་རེ་བ་ཡིན།  ༧གོང་ས་མཆོག་ནས་མི་མང་ལ་མང་གཙོ་གསོལ་བསྩལ་གནང་བ་མ་ཟད་བོད་མི་མི་རེ་ངོ་རེ་ལ་ལས་འགན་ཡང་འཁྲིད་ཡོད་གསུང་པ་དེར་བརྩི་བསྲུང་ཐོག་མི་རེ་ངོ་རེ་ནས་བོད་དོན་བདེན་མཐའ་གསལ་ཆེད་དུ་རྒྱ་མཚོ་ཆུ་ཐིག་ལས་འགུལ་སྤེལ་བ་ཡིན་ན་ཉི་མ་ལ་མཁའ་ནས་ཤར་ལ་ཉེ་བ་ཡིན། གུས་ནས་ལས་འགུལ་སྤེལ་ཡུན་རིང་མཉམ་བཞུགས་གནང་མི་ཁ་ཤས་བྱུང་བ་ཁག་གཅིག་སྔར་ལོ་ཟླ་བ་ ༣ ནས་ ༡༢ བར་མི་མང་གི་དྲ་རྒྱའི་ནང་འདོན་ཟིན་པ་དང་། འདི་ལོ་ཟླ་བ་ ༡ ནས་ ༣ བར་ཁག་གཅིག་གི་གདུང་སེམས་ཉམས་སྐྱེད་མཚོན་དོན་དུ་གནམ་ཤིས་དང་བསྟུན་ནས་གསོལ་ཇ་དང་བཞེས་ཐུག་རྣམ་ཕེབས་པ། གཅིག་ནས་ནང་དུ་ལོག་སྐབས་མེ་འཁོར་ནང་གསོལ་སྟོན་གནང་བ་བཀྲིན་ཆེ་ཞུ་རྒྱུ་མ་ཟད་རང་ཉིད་ནས་ལས་འགུལ་སྤེལ་ཡུན་རིང་ཅ་ལག་ཡར་མར་ཁྱེར་མི་དགོས་པ་ཇེ་ནེ་ཝར་འཐུས་མི་བསོད་ནམ་རྡོ་རྗེ་ལགས་ནས་ཉར་རོགས་གནང་བ་ཕན་ཐོག་ཆེན་པོ་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྷེ་ལཱ་རུ་སི་ཡུལ་མི་ནས་གུས་ཀྱི་ལས་འགུལ་ལ་རྒྱབས་སྐྱོར་གནང་བ་བཞིན་སྔ་རྗེས་ཐེང་གཉིས་ས་གནས་གྷེ་ལཱ་རུ་སི་ཚག་ཤོག་ཁག་གཉིས་ནང་ཐོན་ཟིན་པ་མ་ཟད་མ་འོང་པར་མུ་འཐུས་ནས་ལས་འགུལ་སྤལ་འཆར་ཡོད་མེད་བཀའ་འདྲི་ཡང་གནང་སོང་།  ཚག་ཤོག་དེ་རང་གི་ལས་ཀ་བྱེད་ས་བཟོ་གྲའི་གསལ་བསྒྲགས་སྤེལ་སར་སྦྱར་ནས་རང་གི་དགུང་སེང་ཆུ་ཟོད་དུ་མ་སོང་བར་མི་རིགས་དོན་དུ་ཚེ་བ་མེད་པས་ལས་འགུལ་ཆེད་བཏང་བ་མངག་བརྗོད་ཡང་གནང་བྱུང་། གཞི་ལུས་སྤུན་ཟླ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་ལུས་སྲོག་མེ་ལ་མ་བསྲེགས་རོག་གནང་། རང་ལོ་དྲུག་བཅུ་རིང་ཤེས་བྱ་ཐོས་བསམ་སྒོམ་གསུམ་ཐོག་གང་བྱུང་བ་མི་ཚེ་མ་རྫོགས་བར་རང་ངོས་ནས་ཆོས་དང་རིག་གཞུང་སྐད་ཡིག་གང་ཤེས་ས་གནས་སུ་ན་གཞོན་ཕོ་མོ་རྣམས་ལ་སློབ་འཁྲིད་འབད་བརྩོན་ཞུ་བཞིན་མ་ཟད་བོད་དོན་ཆེད་ལས་འགུལ་སྤེལ་སྐབས་སྔར་བཞིན་གང་ཐུབས་མཉམ་བཞུགས་བྱ་རྒྱུ་དང་།  ད་དུང་དཔལ་འབྱོར་དང་ཆོག་མཆན་ཞུ་རྒྱུ་དཀའ་ངལ་མ་ཕྲད་ཚེ་ལས་འགུལ་ཁག་གཉིས་ཙམ་སྤེལ་རྒྱུ་འཆར་གཞི་སྒྲིག་བཞིན་པ་ཡིན།  ས་གནས་ཇེ་ནེ་ཝར་གསར་གོས་སློབ་སྦྱོང་གནང་བཞིན་པས་ན་ཆུང་བོུ་ན་དྷི་ན་ཁུང་བཞེས་པ་དེས་གུས་ཀྱི་ལས་འགུལ་ལ་འཚོེོར་ཆེན་པོ་སྐྱེ་ནས་ཕྱི་ལོ་༡༢ཟླ་བ་༣ཚེས་༡༠ཉིན་ངོ་ཐུགས་བྱུང་རྗེས་མོ་རང་གསར་བགོད་ངོ་སྤྲོད་དང་འབྲེལ་གུས་ནས་རྒྱལ་ཚོགས་མདུན་ལོ་གཅིག་ལས་འགུལ་སྤེལ་དགོས་དོན་ཇི་ཡིན་དང་མ་འོང་པར་ལས་འགུལ་སྤེལ་འཆར་ཡོད་མེད་བཀའ་འདྲི་གནང་སོང་།  ༧གོང་  ས་མཆོག་གི་གཙོས་བོད་གཞུང་དང་སུད་སི་རྒྱ་གྲམ་དམར་པོའི་བཀྲིན་ལ་རྟེན་ལུངས་པ་སྐྱིད་པོ་འདི་ལྟར་ཞིག་ཏུ་འབྱོར་བ་ཡིན་ཡང་གཞི་ལུས་བོད་མིའི་སྡུག་བསྔལ་བསམ་བཞེས་ཐོག་གོང་གསལ་བཞིན་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད་ད་ལན་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་རེ་མདུན་སྙན་ཞུ་འདྲ་བཤུས་འབུལ་བ་བཅས་དྲ་རྒྱ་གཟིགས་མཁན་རྣམས་ལ་གུས་ས་ར་ཟླ་བ་རྒྱལ་མཚན་གྱིས་༡༢་༠༣་༡༡ཉིན་ལས་བསྡོམས་ཞུ་བ་ལགས་སོ།།
འདྲ་པར་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།