སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གྲངས་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྩི་སྲུང་བྱས་པ།

༄༅།། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་༨་ཉིན་སུད་སུ་ས་གནས་སྤུ་ལག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གྲངས་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་རྩི་སྲུང་བྱས་པ་དང་།       སྐུ་མགོན་གཙོ་བོར་དཔལ་ལྡན་ས་སྐྱ་ཁྲི་འཛིན་ ༤༢ རིན་པོ་ཆེ་གཙོས་རི་ཀོན་ཆོས་མཁོར་དགོན་གྱི་མཁན་རིན་པོ་ཆེ་དང་ནམ་མཁའ་རིན་པོ་ཆེ་སོགས་ཕེབས་ཡོད་པ་རེད།   
སྐུའི་སྐུ་ཕར་མཐོང་གྲོལ་རིན་པོ་གདན་འདྲེན་ཞུས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བོད་རིགས་མི་མང་ཟློས་གར་ནས་སྣེ་ཁྲིད་ཐོག་འབུལ་གནང་མཛད་པ་དང་།  རང་ལུས་མེ་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་སྐར་གཅིག་རིང་ངག་བཅད་གནང་བའི་ཐོག་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།
དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་རི་ཀོན་མཁན་རིན་པོ་ཆེ་བཙོས་སྐུ་ཚབ་དོན་གཅོད་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དང་སུད་སུ་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ཚོགས་གཙོ་ཚོགས་གཞོན་བཅས་ནས་མཎ་ཊལ་བསྟན་སྲུང་ཕུལ་ཡོད་པ་རེད།   དེ་ནས་དཔལ་ས་སྐྱ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སྐྱབས་མགོན་རིན་པོ་མཆོག་གི་མཛད་པ་འཕྲིན་ལས་སྐོར་དང་དེ་བཞིན་དུ་སྐུའི་འཁྲུངས་སྐར་ཉིན་མོར་མི་མང་ནས་སྡིག་སྤོང་དགེ་སྒྲུབ་གྱི་ལས་ལ་འབད་དགོས་དོན་བཀའ་སློབ་གནང་ཡོད་པ་རེད།    
སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཡང་དགའ་སྤྲོའི་ངང་ནས་རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་བའི་ཐོག་སྐུའི་དགོངས་གཞི་དང་བླང་དོར་བཀའ་སློབ་བརྩི་སྲུང་བྱེད་དགོས་པ་སོགས་ཀྱི་བཀའ་སློབ་གནང་ཡོད་པ་དང་།   དེ་ནས་རི་ཀོན་མཁན་རིན་པོ་ཆེ་མཆོག་གིས་ཡང་གོང་ས་མཆོག་གི་བཀའ་སློབ་ཚང་མས་ལག་ལེན་ཏུ་བསྟར་དགོས་ཚུལ་དང་རི་ཀོན་ཆོས་མཁོར་དགོན་ནི་གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་མང་པས་ཞབས་ཀྱིས་བཅག་ཡོད་པས་གནས་རྩ་ཆེན་ཡིན་པ་དང་།     བོད་མི་ཚོས་སོ་སོའི་ཕྲུ་གུ་རི་ཀོན་དགོན་པར་ཁྲིད་ནས་བོད་ཀྱི་ཆོས་དང་རིག་གཞུང་ཆུང་དུས་ནས་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་པོ་ཡིན་པའི་གསུང་བཤད་གནང་ཡོད་པ་རེད། སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྙན་སྒྲོན་ཞུས་ཡོད་པ་དང་ཡོ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ཀྱིས་སུད་སུས་ཕྲུ་གུ་ཆུང་ཆུང་ཚོས་བོད་ཀྱི་རིག་གཞུང་ལ་དོ་སྣང་བྱེད་བཞིན་པར་དགའ་སྤྲོ་སྐྱེས་འོས་བ་ཞིག་ཡིན་པ་དང་།   བོད་མིའི་མི་འབོར་ཡར་རྒྱས་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་བ་དང་།
སུད་བོད་མཐུན་གྲོགས་ཚོགས་པའི་(gstf    https://gstf.org)ཚོགས་གཙོ་ལོ་མང་རིང་གནང་བཞིན་པའི་ཐོ་མ་སུ་Thomas Büchli ནས་ཀྱང་བོད་མི་གང་མང་སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་མིར་འཛུལ་ཞུགས་གནང་དགོས་བའི་འབོད་སྐུལ་ཞུས་ཡོད་པ་རེད།དེ་བཞིན་སུད་སུས་གྲོས་ཚོགས་འཐུས་མི་ཟུར་བ་སྐུ་ངོ་རེ་ནི་ལོང་ཅན་Rene Longet མཆོག་གིས་བོད་མི་དང་སུད་སུས་མི་མང་བར་གྱི་མཐུན་འབྲེལ་ཡར་རྒྱས་ཡོང་བའི་ཐོག་མཉམ་རུབ་ཀྱིས་བོད་དོན་བདེན་མཐའ་སེལ་ཐབས་སྐོར་གསུང་པ་དང་།   གྲོགས་ཚོགས་འཐུས་མི་ལྕམ་མ་ཡ་རྒུ་ར་ཧྥི་Maya Graf མཆོག་གིས་བོད་ནི་སའི་གོ་ལའི་སྣེ་གསུམ་པ་ཡིན་ལུགས་དང་དེ་བས་བོད་ཀྱི་རི་ལུང་ཆུ་གསུམ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་བོད་གཅིག་པོ་མ་ཡིན་པར་ཨེ་ཤེ་ཡའི་གླིང་ཕྲན་གྱི་འཚོ་གནས་ལ་རེག་ལས་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།མཇུག་མཐར་མི་མང་ནས་སྐོར་གཞས་མཉམ་འཁྲབ་ཀྱིས་མཛད་སྒོ་དགའ་དགའ་སྤྲོ་སྤྲོའི་ངང་ནས་མཇུག་སྒྲུབ་ཡོད་པ་རེད།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།