ཨར་གྷའོ་ཚོགས་ཆུང་ནས་ལོ་གསར་མཛད་སྒོ་གཟབ་རྒྱས་ཞུས།

འདི་ལོ་ཕྱི་ཟླ་ ༣ པའི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རི་ཀོན་ཆོས་འཁོར་དགོན་གྱི་དགེ་བཤེས་རབ་བརྟན་ལགས་དབུ་བཞུགས་ཐོག་ས་གནས་འཐུས་མི་དང་རྒྱུན་ལས་བཅས་མི་མང་ ༢༥༠ ཡས་མས་ཞིག་འདུ་འཛོམས་ཐོག་བསང་གསོལ་དང་སྒོར་གཞས། བཀྲ་ཤིས་ཞོལ་པ་ལ་སོགས་པའི་བོད་ཀྱི་ཁྱད་ཆོས་དང་ངོ་བོ་མ་བརླགས་པའི་ཐོག་བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཤིང་རྟ་ལོའི་བོད་ཀྱི་ལོ་གསར་གྱི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ཤིག་གོ་སྒྲིག་ཞུས་ཤིང་། དེ་ཡང་ཕྱག་ཚོད་ ༡༢  ཐོག་དགེ་བཤེས་རབ་བརྟན་ལགས་ཀྱིས་དབུ་འཁྲིད་དེ་འཐུས་མི་གཙོས་རྒྱུན་ལས་དང་ས་གནས་བོད་སློབ་འགན་འཛིན།    དེ་བཞིན་དགེ་རྒན་བཅས་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུ་བ་དང་ཆབས་ཅིག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མྱ་ངན་ངག་བཅད་སོགས་གཟབ་རྒྱས་དང་འབྲེལ།  ས་གནས་འཐུས་མི་ནས་ལོ་གསར་གྱི་འཚམས་འདྲིའི་གསུང་བཤད་དང་།  དེ་བཞིན་བོད་སློབ་ཕྲུ་གུ་རྣམས་ནས་ལོ་གསར་གྱི་བཀྲ་ཤིས་ཁ་གཡང་དང་གླུ་གཞས་འཁྲབ་སྟོན།     ས་གནས་བོད་སློབ་འགན་འཛིན་ནས་བོད་ཡིག་སློབ་གྲྭའི་སྐོར་ངོ་སྤྲོད་གསུང་བཤད། དེ་རྗེས་བོད་སློབ་དྭང་བླང་རྒྱབ་སྐྱོར་ཚོགས་པའི་དམིགས་ཡུལ་ངོ་སྤྲོད་གནང་དོན་ལྟར།   ཚོགས་ཆུང་གི་བོད་སློབ་ལ་ལོ་ལྟར་རོགས་དངུལ་གྱི་རྒྱབ་སྐྱོར་གནང་བར་ཞལ་བཞེས་གནང་བ་བཞིན་ཚོགས་ཆུང་གི་ངོས་ནས་ཀྱང་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་བསྒྲོན་པ་དང་།  དེ་རྗེས་བོད་ཀྱི་ཆོས་སྲིད་དང་འབྲེལ་བའི་དྲི་བ་དྲིས་ལན་གྱི་ཐོག་ས་གནས་ཨར་གྷའོ་ཚོགས་ཆུང་གི་ཕོ་རྒོད་དང་མཛངས་མ་འགྲན་བསྡུར་གྱིས་མཚོན་པའི་ལས་རིམ་སྣ་ཚོགས་ཤིག་བཀོད་སྒྲིག་ཐོག་བོད་ཀྱི་གནམ་ལོ་གསར་ཚེས་ཀྱི་བསུ་བ་དོན་སྙིང་ལྡན་པ་ཞིག་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་བཞིན་ས་གནས་མི་མང་རྣམས་ཀྱང་དགའ་མགུ་ཡི་རངས་ཐོག་ཚོགས་ཆུང་ལ་བསྔགས་བརྗོད་དང་བཅས་ལོ་གསར་གྱི་མཛད་རིམ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ་ལགས་སོ།  བསྟན་འཛིན་སྙིང་པོ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།