༄༅།། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་མཚོག་དགུང་ལོ་༩༠ ལ་སོན་པའི་སྐུའི་གོ་སྟོན་LUZERN་ནས་སྲུང་གཙི་གནང་པའི༼་ཉིན་གཉིས་པ༽།

དེ་རིང་གི་མཛད་རིམ་དང་པོ་ཆོས་ཕྱོགས་ནས་དབུ་འཛུགས།

དེ་རིང་གི་མཛད་སྒོའི་ཐོག་མ་ཚོགས་ཁང་གི་ཕྱི་ལོགས་སུ་སུད་སི་བོད་རིགད་མི་མང་ཟློས་གར་ཚོགས་པས་བཀྲ་ཤིས་མཆོད་པའི་ཕེབས་བསུ་དང་མི་མང་ཡོངས་ཀྱིས་བསང་གསོལ་བཏང་ནས་ ༧འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིའི་སྟེང་གདན་འདྲེན་ཞུས་སོང་།

དེ་རིང་གི་འདི་གར་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་གིས་ང་ཚོས་དབུས་བོད་མི་སྒྲིག་འཛུགས་ལ་དཔུང་པ་མཉམ་བསྐྱེད་བྱེད་རྒྱུ་ད་ཧ་ཅང་གིས་གལ་ཆེན་པོ་རེད། སོ་སོ་ངོས་ནས་ཆེན་པོ་ཞིག་བྱེད་མ་ཐུབ་ན་ཡང་རང་བཙན་ལག་དེབ་ཀྱི་དངུལ་དེ་དུས་ལྟར་ཕུལ་ཐུབ་ན་ཡང་འགྲིགས་གི་རེད། དབུས་བོད་མི་སྒྲིག་འཛུགས་ཚགས་ཚུད་གཏོང་བར་ང་ཚོས་ངེས་པར་དུ་མཐུན་སྒྲིལ་གྱི་གཞོགས་འདེགས་ཞུ་དགོས་བ་དེ་ཧ་ཅང་གིས་གལ་ཆེན་པོ་རེད།

རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་གསུངས་དོན༼་གོང་ས་མཆོག་གིས་ཁྱེད་ཚོས་ང་ལ་སྐྱེས་སྐར་གྱི་ལེགས་སྐྱེས་ཡག་ཤོས་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་གསུངས་པ་དེར་རྒྱུ་མཚན་ཆེན་པོ་ཡོད་རེད།

དེངས་སྐབས་ཚན་རིག་གི་ཐད་ནས་ཀྱངབྱམས་དང་སྙིང་རྗེ་སྒོམ་ན་རང་གི་རྣམ་དཔྱོད་དེ་ཆ་ཚང་བེད་སྤྱོད་གཏོང་ཐུབ་པ་དང་ལུས་བདེ་སེམས་སྐྱིད་ཡོང་ཐུབ་པ་ར་སྤྲོད་བྱེད་ཐུབ་གི་ཡོད་རེད།

བརྩེ་བ་དང་སྙིང་རྗེ་ཡོད་ན་སེམས་ལ་ཞི་བདེ་དང་སྤོབས་པ། བདེ་སྐྱིད། བག་ཕེབས་ཡོང་གི་ཡོང་གི་ཡོད་པ་རེད།

༧གོང་ས་མཆོག་གིས་ཁྱེད་ཚོས་ང་ལ་སྐྱེས་སྐར་གྱི་ལེགས་སྐྱེས་ཡག་ཤོས་ནི་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་གསུངས་པའི་རྒྱུ་མཚན་གལ་ཆེན་ཞིག་དེ་རེད།

དེའི་རྗེས་སུད་སི་གྲོས་ཚགས་འཐུས་མི་སྐུ་ཞབས་ཕ་བིཡན་མོལོན་མཚོག་ནས་གསུངས་བཤད་གནང་དོན་་གུས་པ་བོད་དོན་རྒྱབ་སྐྱོར་བ་ཞིག་བྱེད་མཁན་ཞིག་ཡིན་པར་སྤོབས་པ་ཡོད། གང་ཡིན་ཟེར་ན་བོད་ཀྱི་འཐབ་རྩོད་ནི་བདེན་པ་དང་དྲང་བདེན། འཚེ་བ་མེད་པ་ཞིག་ཡིན་པས་སོ། ངས་སུད་སིི་གྲོས་ཚོགས་དང་སུད་སི་གཞུང་ལ་བོད་ཀྱི་གནད་དོན་སྐོར་གླེང་དགོས་པའི་སྐུལ་མ་བྱེད་གི་ཡོད།

སུད་སི་གཞུང་གིས་བོད་དོན་སྐོར་སྔོན་ལས་རྒྱབ་སྐྱོར་ཤུགས་ཆེ་བྱེད་དགོས་ཀྱི་འདུག  ཁོང་བོད་ནང་འགྲོ་མ་ཐུབ་ན་ཡང་གང་མགྱོགས་རྒྱ་གར་ལ་༧གོང་ས་མཆོག་ལ་མཇལ་གི་འགྲོ་གི་ཡིན་སོགས་གསུང་སོང་།

དེའི་རྗེས་སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ཡ་ག་རབ་མཆོག་དང་དེའི་རྗེས་འཛི་རིག་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་གསུངས་དོན་ང་ནི་གོང་ས་མཆོག་ལ་ཡང་སྲིད་ལ་མཇལ་ཁ་ཞུ་ཐུབ་པའི་གོ་སྐབས་རགས་གི་ཡོད། བོད་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན། ད་ལྟ་སུད་སུ་ནང་བོད་རིགས་གཞོན་སྐྱེས་མང་པ་སུད་སི་གཞུང་གི་སྲིད་སྟེགས་སུ་ཕེབས་ཐུབ་གི་ཡོད་པར་དགའ་སྤོབས་སྐྱེས་གི་ཡོད་ཚུལ་སོགས་གསུངས་སོང་།

དོན་གཅོད་མཆོག་ནས་སྐུ་བཀའ་སློབ་གསུངས་དོན།་ཉེ་ཆར་སྐུ་མདུན་ནས་ཡང་སྲིད་ཡང་བསྐྱར་ཕེབས་རྒྱུ་ཡིན་པའི་བཀའ་བསྩལ་བ་དེ་་ནི་ཧ་ཅང་གིས་གཏམ་བཟང་དང་དུས་་ལ་བབ་པ་ཞིག་ཡིན། རྒྱ་ནག་གིས་བོད་ཀྱི་ཡང་སྲིད་སྐོར་ཁྲིམས་རྫུན་བཟོས་ནས་ཇུས་ཏོག་བྱེད་བཞིན་པ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ནས་དགག་པ་རྒྱག་གི་ཡོད་རེད། ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་བའི་འབོད་སྐུལ་གནང་གི་ཡོད་རེད།  དེ་ནི་ཆོས་དད་རང་མོས་མེད་པའི་བྱེད་སྟངས་ཞིག་ཡིན་པས་སོ།  གོང་ས་མཆོག་གི་ཡང་སྲིད་ནི་ཁོང་སྐུ་སྒེར་དང་ནང་པ་ཡོངས་ཀྱིས་ཐག་གཅོད་བྱེད་དགོས་བ་ཞིག་རེད་སོགས་གསུངས་སོང།

རིམ་བཞིན་ས་གནས་བོད་སློབ་ཁག་དང་ས་གནས་ཚོགས་ཆུང་ཁག་གིས་སྐུའི་གོ་སྟོན་ལ་གཞས་དང་ཞབས་བྲོ་ཡི་མཆོད་པ་གྱ་ནོམ་པ་ཞིག་ཕུལ་སོང་།

དེ་ནས་ཤེས་རིག་ལྷན་ཁང་ནས་ཕུད་པའི་བོད་སློབ་ཁག་གི་སློབ་ཕྲུག་རྩེ་ཕུད་རྣམས་ལ་བྱ་དགའ་བསྩལ་གནངས་སོང་།

དེའི་རྗེས་ལ་་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་མཆོག་ནས་ཐུགས་རྗེ་ཆེ་ཞུ་བའི་གསུངས་བཤད་གནང་དོན།

བོད་དོན་རྒྱབ་སྐྱོར་བྱེད་མཁན་གྱི་སུད་སི་གྲོས་ཚོགས་འཐུས་མི་རྒྱབ་སྐྱོར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ།

དེ་ནས་གང་ཟག་སྒེར་༼ཚེ་རིང་ཐེབས་རྩ་་ཚོགས་པ༽ནས་ང་ཚོའི་གོ་སྟོན་་ལ་སུད་སྒོར་༡༠༠༠༠ཆིག་ཁྲི་ཐམ་པ་ཞལ་འདེབས་གནངས་བ་དང་གོང་ས་མཆོག་གི་མཛད་རྣམ་ཕྱག་དེབ་ཞིག་གི་རིན་གོང་སུད་སྒོར་༢༧༠༠༠སྟོང་ཕྲག་ཉི་ཤུ་རྩ་བདུན་ལ་གནས་བ་ཞིག་གི་སྦྱིན་བདག་བྱས་ཡོད་པས་ཐུགས་རྗེ་ཆེ་ཞུས་སོང་།

མངའ་རིས་སྐྱིད་སྡུག་ཚོགས་པ་ནས་གོ་སྟོན་ལ་སུད་སྒོར་༡༡༡༣ཞལ་འདེབས་ཕུལ་སོང་བས་ཐུགས་རྗེ་ཆེ་ཞུས་སོང་།

དེ་རིང་འཁྲུངས་སྐར་གྱི་CAKE་དཀྲི་གོར་གྱི་འགྲོ་སོང་ལ་སུད་སྒོར་༦༠༠༠་དྲུག་སྟོང་ཐམ་པ་སོང་བ་དེའི་སྦྱིན་བདག་ནི་མཚམས་སྐྱིད་ལགས་ལ་ཐུགས་རྗེ་ཆེ་ཞུས་སོང་།

བསྟན་འཛིན་མོག་མོག་ནས་ད་ལོའི་འཁྲུངས་སྐར་རམ་གོ་སྟོན་ལ་མོག་མོག་སྡེར་མ་༤༠༠༠ཡི་ཞལ་འདེབས་དང་དེ་བཞིན་སྐུ་མགྲོན་ཡོངས་ཀྱི་མོག་མོག་སྦྱིན་བདག་གནང་བར་ཐུགས་རྗེ་ཆེ་ཞུས་སོང་དེ་བཞིན་གྱི་སྦྱིན་བདག་དང་ཕྱག་རོགས་གནང་མཁན་མང་པོ་ཞིག་ལ་ཐུགས་རྗེ་ཆེ་ཞུས་སོང་།

དེའི་རྗེས་མུ་མཐུད་ནས་ཚོགས་པ་སྐྱིད་སྡུག་ཁག་མང་པོ་ཞིག་ནས་གཞས་སྣ་མང་པོ་ཞིག་གཟུགས་འབུལ་ཞུས་སོང་།

ཉིན་གྱི་མཐའ་མ་དེར་རྩེད་མོ་གཞན་ཁག་ཅིག་དང་སྐོར་གཞས་སོགས་འཁྲབ་ནས་དེ་རིང་གི་སྐུའི་གོ་སྟོན་དེ་གཟི་བརྗིད་དང་རྒྱལ་ཁའི་ངང་རེ་ཞིག་ལེགས་འགྲུབ་བྱུང་སོང་།

 

གསར་འགོད་པ་དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 9 སྡོམས་རོགས།