དཔལ་ལྡན་མི་རྗེ་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་ལ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་མི་མང་ལ་བཀའ་སློབ་གསུངས་བཤད་གནངས།

སྤྱི་ལོ༢༠༢༤ལོའི་ཟླ༠༤པའི་ཚེས༢༨ཉིན་དཔལ་ལྡན་མི་རྗེ་སྐུ་ངོ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་ལ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་མི་མང་ལ་བཀའ་སློབ་གསུངས་བཤད་གནངས། གསུང་བཤད་ཀྱི་ཐོག་མ་སུད་སི་དང་ལེགཏེན་སིཏན་ཡན་བོད་རིགས་མི་མང་གི་ཚོགས་གཙོ་རྒྱ་མཚོ་ལགས་ནས་ཕེབས་བསུའི་གསུངས་བཤད་གནང་རྗེས་རིག་གཞུང་དང་སྲོལ་རྒྱུན་གྱི་ཕེབས་བསུའི་ཚུལ་དུ་ལྷ་མོ་འཁྲབ་པ་དང་གསང་གསོལ་གྱི་སྣེ་ལེན་བྱས་སོང་། སྲིད་སྐྱོང་མཆོག་གིས་གསུངས་དོན༧རྒྱལ་བ་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་འོག་ང་ཚོའི་འཐབ་རྩོད་ན་རིང་གནས་བསྡད་ཡོད་པ་དང་མ་འོངས་པར་ཡང་གནས་ཐུབ་པ་ཞིག་རེད།

ང་ཚོ་འགན་ཁུར་མཁན་ཚོ་སུ་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་ཡིས་དཀའ་ལས་བརྒྱབ་པའི་གཞུང་འདི་སྲ་བརྟན་དང་རྒྱུན་གནས་བྱེད་ཨེ་ཐུབ་བལྟ་བ་ལས་གཏོར་བཤིག་བཏང་ན་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཆགས་གི་རེད། ད་ལྟའི་ཆར་བོད་ནང་ན་བོད་མི་ས་ཡ་བདུན་དང་འབུམ་གསུམ་ཡས་མས་སུ་ཡོད་པར་ཕྱིའི་ཉམས་ཞིབ་པ་དང་བོད་གནས་མཉམ་ཞིབ་ནཔས་བཤད་གི་ཡོད། ང་ཚོ་བཙན་བྱོལ་ནང་འབུམ་གཅིག་དང་ཁྲི་བདུན་ཡས་མས་ཞིག་ལས་ད་རུང་གསལ་བོ་ཆགས་ཐུབ་མེད། མིའི་གྲངས་ཐོ་ཚད་ལྡན་ ཞིག་དགོས་བ་ང་སྲིད་སྐྱོང་གི་ཁེ་ཕན་མ་རེད། གྲངས་ཐོ་ཚད་ལྡན་ཞིག་ཡོད་ན་གྲངས་ཐོར་གཞིར་བཞག་ནས་ལས་ཀ་བྱས་ན་ལས་དོན་ཚད་ལྡན་དང་སྤུས་དག་ཡོང་གི་རེད། མ་འོངས་པའི་བཀའ་ཤག་ཡོངས་ལ་ཕན་གིི་རེད།

སྲིད་སྐྱོང་མཆོག་གིས་བོད་རིགས་མི་མང་གི་སྒྲིག་འཛུགས་དང་དོན་གཅོད་ཁང་གཉིས་ཀྱིས་ས་གནས་སུ་བོད་མི་ག་ཚོད་ཡོད་མེད་ཀྱི་གྲངས་ཐོ་ཚད་ལྡན་ཞིག་ལེན་དགོས་པའི་སྐུལ་མ་གནངས་སོང་། གྲངས་ཐོ་ག་ཚོད་ཅིག་ཡོད་མེད་ཤེས་ན་འགྲིགས་ས་རེད། ཚོགས་པའི་ནང་མ་ཞུགས་ཀྱང་རང་མོས་རེད།

སྲིད་སྐྱོང་མཆོག་གིས་མུ་མཐུད་གསུངས་དོོན། ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་ལྷག་དཀར་ཉིན་གཞོན་སྐྱེས་མང་པོས་སྐོར་གཞས་ཚོགས་་པ་བཙུགས་ནས་སྐོར་གཞས་འཁྲབ་གི་ཡོད་པ་དག་ལ་བསྔགས་བརྗོད་བྱས་སོང་། སྔོན་ཆད་མེད་པ་ལས་ད་ལྟ་ཡོད་པ་དང་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་པ་དེ་ཡར་རྒྱས་ཀྱི་རྣམ་པ་རེད། ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་དཀའ་ལས་བརྒྱབ་ན་ཁ་གཏོང་མཁན་རིགས་མང་ཤོས་ནི་རང་བཙན་ལག་དེབ་ཀྱང་སྤྲོད་གི་མེད་པ་དང་སོ་སོས་འགན་ཅི་ཡང་ཁུར་གི་མེད་པའི་རིགས་རེད་འདུག

སུད་སི་ནང་གི་བོད་པའི་སློབ་གྲྭ་ཁག་གི་ནང་ SEE ཤེས་ཡོན་སློབ་གསོ་ཇི་ལྟར་བསླབ་དགོས་མིན་གྲ་སྒྲིག་ཡོད་པ་མ་ཟད་སུད་སི་སྤྱི་ཚོགས་ནང་ SEE ཤེས་ཡོན་སློབ་གསོ་ངོ་སྤྲོད་སྐོར་ཀྱང་གྲ་སྒྲིག་ཡོད་གསུངས་སོང་། དེ་བཞིན་མི་མཐུད་གསུང་དོན། བོད་རིགས་ཚོགས་པའི་ངོས་ནས་ས་གནས་རྒྱལ་ཁབ་ཀྱི་འོས་བསྡུའི་ཁྲོད་འོས་མི་སྒེར་དང་ཆབ་སྲིད་ཚོགས་པ་རེ་ཟུང་ལ་རྒྱབ་སྐྱོར་མ་བྱས་ན་རན་པོ་ཡོད་པ་གསུངས་སོང་། བཏང་བླངས་བཅའ་ཁྲལ་གྱི་ཆགས་ཡང་དེ་་ཡང་བསྐྱར་ལོའདིའི་སྤྱི་ཟླ་༩པའི་ཟླ་མཇུག་བར་ཡོད་པས་ད་དུང་ཡང་རང་བཙན་ལག་དེབ་སྤྲད་མེད་མཁན་ཚོས་གོ་སྐབས་འདི་དམ་འཛིན་བྱེད་རོགས། སུད་སི་ནང་ནང་བོད་མི་སྤྱིའི་་གྲངས་འབོར་དང་རང་བཙན་ལག་དེབ་སྤྲོད་མཁན་གྱི་གྲངས་ཐོའི་བར་ཧེ་བག་ཆེན་པོ་འདུག བོད་མི་གང་མང་མང་རང་གི་སྤྱི་ཚོགས་ནང་མཉམ་རུབ་བྱེད་རྒྱུ་ནི་ད་ལྟའི་བཀའ་ཤག་གི་ལས་དོན་གལ་ཆེན་ཞིག་ཡིན་གསུངས་སོང་།

སུད་སི་ནང་བོད་རིགས་འབྱོར་བ་སྔ་ཤོས་དང་བོད་མི་ཡང་མང་ཤོས་གྲལ་ཡིན་མོད་ད་རུང་ཡང་སྤྱི་ཁང་ཞིག་མེད་པ་དེས་སྒེར་དང་སྤྱི་གཉིས་ལས་སྒེར་གལ་ཆེན་ཡིན་པ་མཐོང་གི་འདུག ཨ་རི་དང་ཁ་ན་ད་ནང་བོད་མིི་འཕྱི་བོ་འབྱོར་ཀྱང་དེ་དོན་ལ་གྲུབ་འབྲས་ལྡན་པ་བྱུང་གི་ཡོད། དེ་བཞིན་སྲིད་སྐྱོང་མཆོག་གིས་བོད་མི་ཚོས་བོད་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་དགོས་བ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། ལོ་རྒྱུས་མ་ཤེས་ན་ཕ་ཨ་ཁུ་ཡིན་ཡང་ངོ་མི་ཤེས་ཟེར་པ་བཞིན་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་རྩོད་མེེད་ཡིན་པ་ཤེས་དགོས་བ་རེད།

དྲི་བ་དྲི་ལན་སྐབས་སུ་ལན་འདེབས་སུ་གསུངས་དོན། སྤྱི་ཚོགས་དྲ་རྒྱ་ནང་གི་ཡིག་འཆམས་དེ་དག་བོད་ཀྱི་རྩ་དོན་ལ་ཕན་པ་ཞིག་རེད་དམ་གནོད་པ་ཞིག་རེད་དབྱེ་བ་འབྱེད་ཤེས་བའི་ཐོག་གནོད་པའི་རིགས་མ་འགྲེམས་རོགས། དེ་བཞིན་སོ་སོ་ལ་ཁྲིམས་གཞི་བསྐྱར་བཅོས་སྐོར་བསམ་ཚུལ་དང་རེ་བ་ག་རེ་ཡོད་ན་སྤྱི་འཐུས་ལྷན་ཚོགས་ལ་ˌཕུལ་དགོས། ་གང་ཡིན་ཟེར་ན་གཞུང་ནི་མི་མང་གི་འདོད་པ་དང་ཡིད་ཆས་ཡོད་པའི་གཞུང་ཞིག་བྱེད་དགོས་རེད་སོགས་གསུངས་སོང་། དེ་བཞིན་དྲི་བ་ཞིག་གི་ནང་ཉིན་ཤས་སྔོན་རྒྱ་གཞུང་གིས་༧ཏཱ་ལེ་བླ་མ་སྐུ་སྒེར་གྱི་གནད་དོན་ཐད་འབྲེལ་བ་བྱེད་འདོད་ཡོད་ཟེར་པའི་སྐོར་གསུངས་དོན། རྒྱ་གཞུང་ལ་ལྐོག་འབྲེལ་ཡོད་མོད་རེ་བ་མེད་གསུངས་སོང་། མཐའ་མ་དེར་སྐུ་ངོ་དོན་གཅོད་གཙོས་དོན་གཅོད་ཁང་གི་ལས་བྱེད་རྣམ་ལ་བཀའ་སློབ་ལམ་སྟོན་དང་སྐབས་༡༨་དང་༡༩་པའི་ སུད་སི་དང་་ལིག་ཏན་སིཏཡན་བོད་རིགས་མི་མང་གི་འཐུས་མི་རྣམས་ལ་ཕྱག་འཁྱེར་ཕུལ་རྗེས་་ས་གནས་བོད་རིགས་མི་མང་གིས་གཞུང་འབྲེལ་ཐོག་སྲིད་སྐྱོང་ལ་གསོལ་ཚུགས་ཕུལ་སོང་།

གསར་འགོད་པ་་དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 6 སྡོམས་རོགས།