སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཡིག་སློབ་གྲྭ་ཁག་ནས་བོད་ཀྱི་རིག་གཞུང་ཉིན་མོ་སྐབས་བཅུ་པའི་འགྲན་བསྡུར་སྤེལ་སོང་།

སྤྱི་ལོ་༢༠༢༦ལོའི་ཟླ་༠༡་པའི་ཚེས་༡༧་པའི་་ཉིན་སུད་སིའི་་ས་གནས་ Uster ནས་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་སློབ་ཁག་ནས་བོད་ཀྱི་རིག་གཞུང་ཉིན་མོ་སྐབས་བཅུ་པའི་འགྲན་བསྡུར་གྱི་ལས་རིམ་དབུ་འཛུགས་གནང་སོང་།

ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་མཉམ་དུ་བོད་སློབ་སྤྱི་ཁྱབ་འགན་འཛིན་མཚོག་རྐམ་ཆོས་སྐྱིད་ལགས་ནས་གསུངས་དོན་དེ་རིང་གི་ལས་རིམ་དེར་བོད་སློབ་ཁག་གི་འགན་འཛིན་རྣམ་ཁག་བགོས་ཀྱིས་ལས་འགན་སྣ་མང་ལ་་ཞུགས་ཡོད་པ་དང་ཁྱོན་བསྡོམས་ལས་བྱེད་དྲུག་ཅུ་ལྷག་ཡོད་གསུངས་སོང་།དེ་མིན་གྱི་ཞལ་འདེབས་ཕུལ་མཁན་རྒྱབ་སྐྱོར་བྱ་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུས་སོང་།

ལས་རིམ་དང་པོ་་མཉམ་གཞས་དང་རྐྱང་གཞས་དབུ་འཛུགས་གནང་སོང་། ལས་རིམ་ཁྲོད་བོད་སློབ་ཁག་་ཉི་ཤུ་རྩ་གཅིག་དང་སློབ་ཕྲུག་ཁག་་ལྔ་བརྒྱ་་མཉམ་ཞུགས་གནང་འདུག

སྐུ་ངོ་ཚོགས་གཙོ་མཆོག་གི་ལས་ཚབ་ནས་གསུང་དོན། ་་རིག་གཞུང་ནི་སྐད་ཡིག་གཅིག་པུ་མིན་པར་སྣ་འཛོམས་་ཡིན་པས་འགན་ཁུར་མཁན་ཚང་མ་ལ་བཀའ་དྲིན་ཆེ། ་སུད་སི་བོད་རིགས་མི་མང་གི་སྒྲིག་འཛུགས་ནི་སྒྲིག་འཛུགས་ཡོངས་ནས་ཚགས་ཚུད་གྲལ་ཡིན་པས་་དགའ་སྤོབས་སྐྱེས་ཡོད།  དེ་རིང་གི་རིག་གཞུང་དེ་འགྲན་བསྡུར་གྱི་རྣམ་པ་ཡིན་ཡང་འགྲན་བསྡུར་ལས་ཀྱང་གལ་ཆེ་བ་ནི་གོ་སྐབས་རེད།  དེ་རིང་ས་ཐག་རིང་པོ་ནས་ཀྱང་མཉམ་ཞུགས་བྱས་ཡོད་པས་རྗེས་སུ་ཡུ་རིང་ཡོད།  ངེད་དོན་གཅོད་ལས་ཁུང་ནས་ལས་ཀྱི་སྣེ་མོ་པ་ཡོངས་ལ་བཀའ་དྲིན་ཆེ་ཞུས་སོང་།

བོད་སློབ་སྤྱི་ཁྱབ་འགན་འཛིན་མཚོག་རྐམ་ཆོས་སྐྱིད་ལགས་ནས་གོ་སྐབས་འདི་བརྒྱུད་ནས་ Tsering Foundation ནས་ང་ཚོ་བོད་ཡིག་སློབ་གྲྭ་ཁོ་ནར་སུད་སྒོར་༣༧༠༠་་སུམ་ཁྲི་བདུན་སྟོང་ཞལ་འདེབས་ཕུལ་བར་བཀའ་དྲིན་སྙིང་དབུས་ནས་ཞུ་སོང་།  ཁོ་མོ་ནས་བོད་ཡིག་སློབ་གྲྭ་གཅིག་པུ་མིན་པར་བོད་རིགས་མི་མང་གི་སྒྲིག་འཛུགས་ཁག་མང་པོར་རོགས་སྐྱོར་བྱེད་བཞིན་ཡོད་རེད་གསུངས་སོང་།

ཆུ་ཚོད་དང་པོ་ལ་ཉིན་གུང་ཞལ་ལག་མཆོད་རྗེས་སྡེ་ཚན་ཆུང་བའི་འཁྲབ་གཞས་འགོ་བཙུགས་གནང་སོང་།

གུས་པ་གསར་འགོད་པས་དེ་རིང་གི་གཟུ་དཔང་རྐམ་ལགས་ལ་ཟུར་དུ་དེ་རིང་གི་སློབ་ཕྲུག་རྣམས་ཀྱིས་འཁྲབ་སྟོན་བྱེད་སྟངས་སྐོར་འདྲི་དུས་ཁོ་མོས་གསུངས་དོན་༼སྔོན་དང་བསྡུར་ན་ཕྲུ་གུ་ཡི་ལོ་ཚད་ཆུང་དུ་ཕྱིན་ཡོད་པ་དང་སྤུས་ཚད་དང་དོ་སྣང་ཤུགས་ཆེ་རུ་སོང་འདུག  ཕ་མའི་རྒྱབ་སྐྱོར་ཡང་ཤུགས་ཆེ་རུ་སོང་འདུག་༽་གསུངས་སོང་།

དེ་རིང་གི་འཁྲན་གཞས་ཁྲོད་མཉམ་ཞུགས་གནང་མཁན་ལོ་ན་ཆུང་ཤོས་ནི་ས་གནས་འཛུག་གི་ཚུལ་ཁྲིམས་ལགས་དགོང་ལོ་༤་བཞི་་རེད་འདུག

དེ་རིང་གི་གཟུ་དཔང་བསྟན་པ་ཚེ་རིང་མཆོག་ནས་དེ་རིང་གི་གཞས་སྣ་འགྲན་བསྡུར་སྐོར་གསུངས་དོན༼སློབ་ཕྲུག་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་སྐབས་རྒྱབ་ཀྱི་རོལ་ཆ་དང་གཞས་དབྱངས་སོགས་རང་ངོས་ནས་དཀྲོལ་བ་དང་ལེན་པ་སོགས་ཀྱི་ཐད་ཡར་རྒྱས་ཆེན་པོ་བྱུང་འདུག ཕ་མ་རྣམས་ནས་མི་རབས་རྗེས་མ་རྣམས་ལ་རིག་གཞུང་རྒྱུད་འཛིན་བྱེད་སྟངས་ལ་ཤུགས་སྣོན་རྒྱག་གི་འདུག་བསམ་པའི་དགའ་སྤོབས་སྐྱེས་སོང་༽སོགས་གསུངས་སོང་།

འཁྲབ་སྟོན་གྱི་ལས་རིམ་མཇུག་རྫོགས་རྗེས་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་ཀ་རང་་སྐལ་བཟང་རྣམ་རྒྱལ་ལགས་ཀྱི་མཇུག་སྡོམ་གསུང་བཤད་ནང༼་རིག་གཞུང་སྲུང་སྐྱོབ་ཐད་ནས་ང་ཚོ་ཡར་རྒྱས་ཤུགས་ཆེན་འགྲོ་གི་འདུག ང་ཚོ་བཀོད་སྒྲིག་པ་ཁག་ནས་ཀྱང་ཚོགས་ཁང་ཆེན་པོ་དང་ལས་རིམ་ཉིན་གཉིས་ལ་སྤེལ་དགོས་སྲིད་པ་རེད།  ང་ཚོ་མུ་མཐུད་ནས་རྡོག་རྩ་གཅིག་སྒྲིལ་ངང་རིག་གཞུང་སྲུང་སྐྱོབ་བྱ་དགོས།  ས་གནས་ཁག་གི་སློབ་ཕྲུག་རྣམས་ལ་ཡང་གོ་སྐབས་ལེན་སྟངས་དང་ཆ་ཤས་ལེན་སྟངས་ཧ་ཅང་གིས་ཡག་པོ་རེད་འདུག་ འཁྲབ་སྟོན་གྱི་རྣམ་པ་ཡར་རྒྱས་ཞེ་དྲག་ཕྱིན་འདུག རང་ཡིན་ན་དགའ་དགོས་པ་དང་དགྲ་ཡིན་ན་སྙིང་ལོང་ལངས་དགོས་བ་རེད།   སློབ་ཕྲུག་རྣམས་ཀྱི་འཁྲབ་སྟོན་་བྱེད་སྟངས་ལ་བལྟས་ན་ང་ཚོ་ལས་ཀ་བྱེད་མཁན་རྣམས་ལ་་ཡང་སེམས་ཤུགས་འཕར་གྱི་འདུག རིག་གཞུང་གི་ནང་ནས་ཀྱང་ནང་སེམས་ཀྱི་རིག་གཞུང་དེ་བས་ཀྱང་གལ་ཆེན་པོ་རེད་དེ་ཡང་ཚང་མས་དོ་སྣང་གནངས་རོགས། ༽་སོགས་གསུངས་སོང་།

བཀོད་སྒྲིག་ཚོགས་པ་་ངོས་ནས་གསུངས་དོན་དེ་རིང་གི་ལས་ཀྱི་སྣེ་མོ་པ་ཡུངས་ལ་བཀའ་དྲིན་ཆེ། ལྷག་པར་དུ་སློབ་ཕྲུག་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ།དཀའ་ཚེགས་ལ་མ་འཛེམས་པར་གྲུབ་འབྲས་ཆེན་པོ་བླངས་འདུག  དེ་རིང་བྱ་དགའ་རགས་ཀྱང་མ་རགས་ཀྱང་མཉམ་ཞུགས་བྱས་བ་ཙམ་གྱིས་རྒྱལ་ཁ་རེད་མ་འོངས་པར་་བོད་ཕྲུག་རྣམས་ཀྱི་ཆེད་འགྲོ་སོང་ལ་འཛེམས་པར་ཚོགས་ཁང་ཆེ་ཙམ་ལེན་རོགས་གནང་སོགས་གསུངས་སོང་།

ཕ་མ་ཡོངས་ལ་དེ་རིང་གི་ལས་རིམ་དེར་འདོད་བློ་མ་ཁེངས་བ་ནི་ཚོགས་ཁང་ཆུང་་དྲག་པའི་དཀའ་ངལ་རེད།

ཐེངས་འདིའི་གཟུ་དཔང་རྣམས་ནི་ཆོལ་ཁ་གསུམ་གྱི་ཚོགས་གཙོ་རྣམས་པ་གསུམ་དང་ཆོལ་ཁ་གསུམ་གྱི་ཟློས་གར་འགན་འཛིན་རྣམ་པ་གསུམ་བཅས་དྲུག་འདུག

དེ་རིང་གི་རིག་གཞུང་འགྲན་བསྡུར་ཁྲོད་རྐྱང་གཞས་དང་མཉམ་གཞས་སྡེ་ཚན་ནས་

ཨང་དང་པོ་ཐོབ་མཁན་ས་གནས་༼རྦན་བོད་ཡིག་སློབ་གྲྭ་༽རེད།

ཨང་གཉིས་པ་ཐོབ་མཁན་༼ཐོན་བོད་སློབ་༽རེད་འདུག

ཨང་གསུམ་པ་ཐོབ་མཁན་༼ཧོར་རྒན་བོད་སློབ་༽རེད་འདུག

དེ་རིང་གི་ལས་རིམ་གཉིས་པ་སློབ་ཕྲུག་ཆུང་པའི་འཁྲབ་གཞནས་སྡེ་ཚན་ནས་

་ཨང་དང་པོ་ཐོབ་མཁན་ནི་ ༼ཧོར་རྒན་བོད་སློབ་༽རེད་འདུག

ཨང་གཉིས་པ་ཐོབ་མཁན་ནི་༼རྦན་བོད་ཡིག་སློབ་གྲྭ༽་རེད་འདུག

ཨང་གསུམ་པ་ཐོབ་མཁན་ནི་༼སྦ་སེལ་བོད་སློབ་༽རེད་འདུག

 

དེ་རིང་གི་ལས་རིམ་གསུམ་པ་སློབ་ཕྲུག་རྒན་པའི་འཁྲབ་གཞས་ཁྲོད

་ཨང་དང་པོ་ཐོབ་མཁན་༼རྦན་བོད་སློབ་༽རེད་འདུག

ཨང་གཉིས་པ་ཐོབ་མཁན་ནི་༼ཧོར་རྒན་བོད་སློབ༽་རེད་འདུག

ཨང་གསུམ་པ་ཐོབ་མཁན་ནི་༼ཐོན་བོད་སློབ་༽རེད་འདུག

དགོང་མོའི་ཆུ་ཚོད་༡༩།༠༠་བཅུ་དགུ་ཙམ་ལ་ལས་རིམ་ཡོངས་བཀྲ་ཤིས་བདེ་ལེགས་ངང་མཇུག་རྫོགས་སོང་།

 

གསར་འགོད་པ་དབང་གྲངས་ནས་སྤེལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།