ྋརྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག
ྋརྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ ༡༤༧༥་་༡༥༤༢ ནི་གཙང་རྟ་ནག་ཏུ་སྐུ་བལྟམས། དགེ་འདུན་གྲུབ་ཀྱི་སྤྲུལ་སྐུར་ངོས་འཛིན། བཀྲ་ཤིས་ལྷུན་པོར་གདན་དྲངས། འདི་ནི་དགེ་ལུགས་པའི་ནང་ཡང་སྲིད་ངོས་འཛིན་མཛད་པ་དང་པོ་ཡིན། ཕྱི་ལོ་ ༡༥༠༩ ལོར་སྷ་ས་ནས་མལ་ལེ་དགུ་བཅུའི་ཤར་ཕྱོགས་སུ་ཆོས་འཁོར་རྒྱལ་གྱི་དགོན་པ་ཕྱག་བཏབ། དགོན་པ་དེའི་བྱང་ཤར་ཕྱོགས་མལ་ལེ་ལྔ་ཙམ་གྱི་གཡའ་ཁྲོད་ན་འབྱུང་འགྱུར་གནས་ལུགས་གསལ་པོར་སྟོན་པའི་ལྷ་མོའི་བླ་མཚོ་ཡང་གནས་སྒོ་ཕྱེད། ཕྱི་ལོ་ ༡༥༡༧ ལོར་བཀྲ་ཤིས་ལྷུན་པོར་སྐུ་ཚབ་བསྐོ་བཞག་གནང་སྟེ་དཔལ་ལྡན་འབྲས་སྤུངས་ཀྱི་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ།
རྗེ་ཙོང་ཁ་པ་ནས་བཟུང་ལྷ་ས་སྨོན་ལམ་ཆེན་མོ་འབྲས་སྤུངས་པས་ལྟར་ཆགས་ཡིནའང༌། སྐྱིད་ཤོད་རིན་སྤུངས་པས་ཁ་བདག་བྱས་པ་ནས་ལོ་བཅུ་ཙམ་གྱི་བར་གསང་ཕུ་བ་དང༌། ཀརྨ་པ་སོགས་ཁེར་རྐྱང་གིས་བྱེད་པ་ཞིག་བྱུང་འདུག་པ་དེ་ལོ་ ༡༥༡༧ འབྲས་སྤུངས་ཆིག་སྟོང་ལྔ་བརྒྱ༌། སེ་ར་པ་སུམ་བརྒྱ་ཉེ་བའི་གྲལ་དབུར་ཕེབས། སྐྱེས་རབས་སོ་བཞི་པའི་བཀའ་ཆོས་གསུངས༌། ཕྱི་ལོ་ ༡༥༡༨ ལོར་འབྲས་སྤུངས་སུ་དགའ་ལྡན་ཕོ་བྲངས་ཞེས་པའི་བླ་བྲང་བཞེངས། ྋརྒྱལ་མཆོག་ལྔ་པས་བོད་ལྗོངས་ལ་སྲིད་དབང་བསྒྱུར་སྐབས་བླ་བྲང་མཚན་གཞུང་ལ་འཇགས་ཏེ་ད་ལྟའི་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་དེ་བྱུང༌། ཕྱི་ལོ་ ༡༥༣༧ ལོར་སེ་ར་ཐེག་ཆེན་གླིང་ཁྲིར་ཕེབས། ཡོངས་འཛིན་དམ་པ་བཅུ་ཙམ་བསྟེན་པའི་གཙོ་བོ་ནི་ཡབ་རྡོ་རྗེ་འཆང་དང་རྗེ་ནོར་བཟང་རྒྱ་མཚོ་ ༡༤༢༣་་༡༥༡༣ གཉིས་ཡིན། ཕྱི་རབས་ལ་གདམས་པའི་ལེགས་བཤད་ཀྱང་གསང་བདེ་འཇིགསགསུམ་བསྐྱེད་རྫོགས་རིགས་དང༌། མཚན་བརྗོད་འགྲེལ་ཆེན། གྲུབ་མཐའ། སྒྲུབ་སྐོར་སོགས་པོད་བཞི་བཞུགས། གོང་གསལ་ལོ་རྒྱུས་དེ་དག་དུ་ཀླུ་ལའི་གོས་བཟང་ང ང༡༡༩སྐྱ༣ དུ་གསལ་བ་རྣམས་ཚིག་སྣ་བཏུས་ཏེ་བྲིས་སོ།