ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག

ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག

ྋརྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ ༡༥༤༣་་༡༥༨༨ ནི་ལྷ་སའི་ཉེ་འགྲམ་སྟོད་ལུང་དུ་སྐུ་བལྟམས། སོག་པོ་ཧལ་ཧའམ་ཆ་ཧར་རྒྱལ་པོ་ཨལ་ཐན་ཁཱང་གིས་གདན་ཞུ་གནང་བ་བཞིན་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས། ཨ་ཐན་རྒྱལ་པོ། བཙུན་མོ་འཁོར་ཁྲི་ཕྲག་དང་བཅས་འོངས་ནས་དད་གུས་ཆེན་པོས་ཕེབས་བསུ་ཞུས་ཏེ་མཆོད་ཡོན་ཐོག་མར་མཇལ་ ༡༥༧༨ སྐབས་དོན་གནད་སྙིང་པོ་བོད་ཡུལ་ཇི་ལྟར་བྱ་བ་ལྟར་ཡུལ་ཕྱོགས་འདིར་ཡང་བྱེད་དགོས་ཁྲིམས་མང་དུ་བསྒྲགས།་རྒྱལ་པོས་ཏཱ་ལའི་བླ་མ་བཡ་དྷ་ར་ཞེས་པའི་མཚན་བསྟོད་ཕུལ། རྒྱལ་པོ་ལའང་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་པའི་མཚན་གནང༌། དེ་ནས་བཟུང་ྋརྒྱལ་མཆོག་སྐུ་ཕྲེང་ན་རིམ་ལ་ཏཱ་ལའི་བླ་མ་ཞེས་པའི་མཚན་འཛམ་གླིང་སྤྱི་སྐད་དུ་གྱུར། ཏཱ་ལ་ཞེས་པ་སོག་སྐད་དེ་རྒྱ་མཚོ་དང་ཆེན་པོའི་དོན་ཡིན། དེ་ནས་སོག་པོ་མང་པོ་རབ་ཏུ་བྱུང་སྟེ་དགོན་པ་ཡང་བཞེངས། ཕྱི་ལོ་ ༡༥༨༠ ལོར་ལི་ཐང་དུ་ཕེབས་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པའི་ལས་གྲྭ་བཙུགས། དགོན་མིང་ཐུབ་བསྟན་བྱམས་ཆེན་ཞེས་བཏགས། ཕྱི་ལོ་ ༡༥༨༣ ལོར་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་སྐུ་འབུམ་དུ་བཤད་གྲྭ་གསར་འཛུགས་མཛད། འདིར་ཕྱིས་སུ་དགེ་འདུན་ཆིག་སྟོང་ལྔ་བརྒྱ་ཙམ་འདུས་བཤད་སྒྲུབ་ཧ་ཅང་འཕེལ་བ་བྱུང༌། ཡོངས་འཛིན་པཎ་ཆེན་བསོད་གྲགས་ ༡༤༧༨་་ ༡༥༥༤ སོགས་བསྟེན་ནས་མཁས་པའི་ཕ་རོལ་ཏུ་ཕྱིན། ཕྱི་རབས་ལ་གདམས་པའི་ལེགས་བཤད་ཀྱང་ལམ་རིམ་གསེར་ཞུན་མ་སོགས་པོ་ཏི་གཅིག་ལོངས་པ་མཛད།

གོང་གསལ་ལོ་རྒྱུས་དེ་དག་དུ་ཀླུ་ལའི་གོས་བཟང་ ང ང༡༢༤སྐྱ༡ དུ་གསལ་བ་རྣམས་ཚིག་སྣ་བཏུས། དགོས་ངེས་འགའ་ཤས་བསྣན་ཏེ་བྲིས་སོ།།