ྋརྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་མཆོག

lungto-gyaltso

ྋརྒྱལ་བ་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་༡༨༠༥ ༡༨༡༥ ནི་མདོ་སྟོད་ལྡན་ཆོས་འཁོར་དགོན་གྱི་ཉེ་འགྲམ་དུ་སྐུ་བསྟམས། ༡༨༠༨ ལོར་པཎ་བསྟེན་པའི་ཉི་མས་དབུ་སྐྲ་གཙུག་ཕུད་བཞེས། ༡༨༡༠ ལོར་རྒྱལ་ཚབ་རྟ་ཆོག་བསྟན་པའི་མགོན་པོ་དགོངས་པ་རྫོགས་རྗེས་༡༨༡༡ ལོ་ནས་དེ་མོ་ཐུབ་བསྟནའཇིགས་མེད་རྒྱལ་ཚབ་ཏུ་མངའ་གསོལ།༡༨༡༢ ལོར་པཎ་ཆེན་བསྟན་པའི་ཉི་མས་ྋརྒྱལ་དབང་ཆོག་ལ་རབ་བྱུང་སྡོམ་པ་གནང༌།རྒྱས་པར་སྲིད་སྐྱོང་དེ་མོ་འཇིགས་མེད་རྒྱ་མཚོས་མཛད་པའི་རྣམ་ཐར་དད་པའི་ཡིད་འཕྲོག་ནང་གསལ་ལོ།།