ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་མཆོག

trinley-gyaltso

ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་༡༨༥༦་་༡༨༧༥ནི་འོལ་དགའ་རྫིང་ཕྱི་ཞོལ་དུ་སྐུ་བསྟམས།༡༨༥༨ སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེས་གཙུག་ཕུད་བཞེས།༡༨༥༨ལོར་སྲིད་སྐྱོང་རྭ་སྒྲེང་སྲིད་དམ་བསྣམས་ཏེ་རྒྱ་ནག་ཏུ་བྲོས་བྱོལ་དུ་ཕེབས། ལོ་དེར་སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོར་སྲིད་སྐྱོང་བསྐོ་བཞག་གནང༌། བཤད་སྒྲ་སྐྱ་པོ་ཡིན་ཀྱང་དབུ་སྐྲ་བཞར་བས་གྲྭ་གཟུགས་ལ་བརྟེན་ན་བཟའ་བཞེས་སྟངས་སྡེ་སྲིད་འདྲ་བ་མི་བཞེས་མཐུ་མེད་བྱུང་བས་སྡེ་སྲིད་བཤད་སྒྲ་ཞེས་གྲགས།༡༨༦༤ ལོར་ཡོངས་འཛིན་ཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག༡༨༥༣་་༡༨༥༩ གི་དྲུང་ནས་ྋརྒྱལ་དབང་མཆོག་གིས་རབ་བྱུང་སྡོམ་བཞེས་གནང༌། བཤད་སྒྲས་ལོ་ངོ་གསུམ་གྱི་རིང་ཆབ་སྲིད་ཐུགས་འགན་བཞེས་ཏེ་འདས་རྗེས། ལོ་དེར་ཡོངས་འཛིནཁྲི་ཟུར་བློ་བཟང་མཁྱེན་རབ་དབང་ཕྱུག་སྲིེད་སྐྱོང་ཐུགས་འགན་བཞེས།༡༨༧༠ ལོར་ྋརྒྱལ་དབང་མཆོག་སེ་འབྲས་གཉིས་ལ་གྲྭ་བསྐོར་གྲུབ།༡༨༧༢ ལོར་སྲིད་སྐྱོང་སྡེ་དྲུག་བློ་བཟང་མཁྱེན་རབ་དབང་ཕྱུག་ཆབ་སྲིད་ཕྱག་རོགས་ལོ་བཅུ་ཞུ་གནང་གིས་སྐུ་གཤེགས། ༡༨༧༣ ལོར་ྋགོང་ས་མཆོག་གིས་ཆབ་སྲིད་མཛད་འགན་བཞེས། ༡༨༧༤ ལོར་ྋགོང་ས་མཆོག་གིས་ཧལ་ཁ་ཛེ་བཙུན་དམ་པའི་ཡང་སྲིད་ལ་དགེ་ཚུལ་གྱི་བསླབ་སྡོམ་སྩལ། དེ་ནས་དགུང་གྲངས་བཅོ་བརྒྱད་དུ་ཕེབས་པའི་ལོར་སྐུ་མྱ་ངན་ལ་འདས། ལོ་དེར་རྟ་ཆག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་ཆབ་སྲིད་ཐུགས་འགན་བཞེས།༡༨༧༦ལོར་གསེར་གདུང་བཞེངས། ཞིབ་ཆ་ནི་ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་མཛད་པའི་རྣམ་ཐར་དངས་ཤེལ་མེ་ལོང་ནང་གསལ་ལོ།