༄༅། །ས་གནས་སྦན་ཚོགས་ཆུང་ནས་ཞབས་རིམ་ཞུས་པ།
༄༅།།ས་གནས་སྦན་ཚོགས་ཆུང་ནས་ ༢༠༡༦ཟླ་ ༤་ཚེས་ ༩ ཉིན་ས་གནས་སུ་ས་འཐུས་དང་། རྒྱུན་ལས་ཤེལ་དཀར་བསྟན་འཛིན་ཚེ་རིང་ལགས་ནས་གོ་བསྒྲིགས་ཀྱིས་བོད་སློབ་ཚོགས་ཡུལ་དུ།མི་གྲངས་༥༠་ལྷག་ལྷན་འཛོམས་གནང་སྟེ། ད་ལམ་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་ཐུན་མོང་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་།སྨན་བཙུན་བཀྲིས་ཚེ་རིང་མ་གཉིས་དམིགས་བསལ་སྐུ་གསོལ་སྤྱན་འདྲེན་ཞུས་འབྲས།༸རྒྱལ་བའི་༸སྐུ་ཕྱྭའི་ཕྱིར་ཞབས་རིམ་སྨིན་སྒྲུབ་ཞུ་དགོས་ཕེབས་དོན་དང་།བོད་མིའི་སྤྱི་མཐུན་བསོད་ནམས་གསོག་སླད་དུ་བོད་མི་མི་རེ་ངོ་རེ་ནས་མ་ཎི་ཡིག་དྲུག་གྲངས་འབུམ་ཕྲག་གཉིས་རེ་དང་།བཟང་སྤྱོད་སྨོན་ལམ་གྲངས་གང་མང་ཁྱབ་ཁོངས་སོ་སོ་ནས་གསལ་བསྒྲགས་དང་།༢༠༡༦ཟླ་༨་ཚེས་༣༠་ནང་ཚུད་དོན་གཅོད་ལྷན་ཁང་རྒྱུད་ཆོས་རིགས་ལྷན་ཁངས་སུ་འབུལ་དགོས་བཀའ་ཕེབས་ལྟར་དེ་རིང་བཟང་སྤྱོད་སྨོན་ལམ་་གྲངས་༡༡༡༣།༠༠གྲངས་ཚད་གསོག་སྒྲུབ་ཐུབ་པ་བྱུང་སོང་བ་བཅས་ས་གནས་སྦན་ས་འཐུས་དཔལ་ཁང་དཔལ་ལྡན་ནས་ ༢༠༡༦་ ཟླ་ ༤་ ཚེས་ ༩་ ལ།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།