༄༅།།སུད་སི་ས་གནས་ལུ་རྫན་གྲོང་ཁྱེར་ནང་མཆོད་འབུལ་སྨོན་ལམ་འཚོགས་འདུག
དེ་ཡང་ཕྱི་ལོ་༢༠༡༧ ཟླ་༨ ཚེས་༢༥་ཉིན་ས་གནས་ལུ་རྫན་གྲོང་ཁྱེར་ནང་གི་སྦར་ཧྥོ་སེད་ཚོགས་ཁང་དུ།ཉེ་བའི་ཆར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད། རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བློས་གཏོང་གིས་རང་ལུས་མེར་བསྲེགས་གནང་མཁན།
རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་དང་པ་སངས་དོན་འགྲུབ་གཉིས་གཙོསརང་ལུས་མེར་བསྲེགས་གནང་མཁན་རྣམས་དང་། དེ་བཞིན་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་དགྲ་བོ་རྒྱ་དམར་གྱིས་དམར་གསོད་དང་སྡུག་སྦྱོང་མནར་གཅོད་སྣ་ཚོགས་འོག འདས་གྲོངས་སུ་གྱུར་པ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་དམིགས་ཏེ། ལུ་རྫན་བོད་རིགས་མི་མང་གིས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་མཆོག་རིན་པོ་ཆེའི་མདུན་སར། སྣང་གསལ་མར་མེ་སོགས་ཀྱིས་མཆོད་འབུལ་དང་མ་ཎི།
བཛྲ་གུ་རུ་གང་མང་།རྒྱལ་བའི་ཞབས་བརྟན་དང་ཚད་མེད་ཡོན་ཏན་སོགས་གསུངས་ཏེ་འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོར་བསྔོ་སྨོན་དང་བཀའ་དྲིན་རྗེས་དྲན།
དེ་བཞིན་འཚོ་ཞིང་བཞུགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ནང་མི་གཙོས་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱང་གནང་འདུག ད་དུང་ཉིན་དེར་ལུ་རྫན་བོད་རིགས་མི་མང་ཚོགས་ཆེན་འཚོགས་ཏེ་འདས་པའི་ལས་དོན་དང་། ད་ལྟའི་གནས་བབ། མ་འོངས་ལས་འཆར་དང་བྱ་ཐབས་སོོགས་ལ་བཀའ་སྡུར་ལྷུག་པོ་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་འདུག
གནས་ཚུལ་མཁོ་གཏོང་བ་སྟག་ཚང་དཀོན་ཅོག
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།