༄༅། །༢༠༡༨ ལོའི་སུད་སི་ས་གནས་ཚོགས་ཆུང་ཧོར་གྷན་བོད་རིགས་མི་མང་གི་འདི་ལོའི་དབྱར་སྐྱིད་ཉིན་གཉིས་གཏང་གནང་བ།

ཧོར་གྷན་བོད་རིགས་མི་མང་གི་འདི་ལོའི་དབྱར་སྐྱིད་དེ་ཟླ་བ་ ༦ ཚེས་ ༣༠ དང་ ཟླ་བ་ ༧ ཚེས་༡ བཅས་ཉིན་གཉིས་རིང་གཏོང་གནང་ཡོད་པ་རེད། ཉིན་དང་པོ་རེས་གཟའ་སྤེན་པའི་ཉིན་རྐང་རྩེད་པོ་ལོའི་རུ་ཁག་ ༡༡ མཉམ་ཞུགས་གནང་ཡོད་པ་དང་མཐའ་མའི་རྒྱལ་ཁ་དེ་ཧོར་གྷན་ནོར་གླིང་རུ་ཁག་ལ་བྱ་དགའ་ཐོབ་ཡོད། དགོང་དྲོའི་མཛད་རིམ་སྐབས་ཐོག་མར་ས་གནས་མི་འཐུས་ནས་མང་ཚོགས་ལ་མཚམས་འདྲི་ཞུས་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་། ཚོགས་མི་རྣམ་པས་ཞབས་གཞས་དང་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཁག   དེ་བཞིན་རང་མོས་གསུང་གཞས་ཁག་གནང་མཁན་ཁག་བཅས་ནས་རིམ་བཞིན་བོད་གཞས་དང་རྒྱ་གར་གྱི་གཞས་བཅས་གཏང་ནས་མི་མང་རྣམས་དགའ་སྐྱིད་མཉམ་འཛོམས་གནང་ཡོད། ས་གནས་ཧོར་གྷན་ཚོགས་ཆུང་གྱི་ལོ་གཅིག་ནང་བོད་ཀྱི་ལོ་གསར་དང་དབྱར་སྐྱིད་གཉིས་ལོ་མང་ནས་གཏོང་སྲོལ་ཡོད་པ་དང་དེ་ཡང་ཚོགས་ཆུང་ནང་ཡོད་བོད་རིགས་མི་མང་མཉམ་མཐུན་མཉམ་འཛོམས་ཡོང་ཆེད་དང་སྔ་དགོང་གསོལ་ཚིག་སོགས་སྤུས་འཚོང་ཞུས་ནས་ཚོགས་ཆུང་གི་དཔལ་འབྱོར་འདུ་འགོད་གནང་ནས་བོད་རིགས་ན་གཞོན་རྣམས་ལ་བོད་ཡིག་སློབ་གྲྭ་དང་བོད་སྐད་བོད་ཀྱི་རིགས་གཞུང་གཞས་སྣ་འདྲ་མིན་སོགས་ཀྱི་སློབ་སྦྱོངས་སྤྲད་ནས་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་མི་ཉམས་རྒྱུན་འཛིན་ཆེད་འགྲོ་གྲོན་གཏང་གནང་གི་ཡོད་པ་རེད་འདུགཉིན་གཉིས་པ་རེེས་གཟའ་ཉི་མའི་ཉིན་ལག་སྤོལ་འགྲན་འདུར་བ་རུ་ཁག་ ༧ མཉམ་བཞུགས་གནང་ནས་མཐའ་མའི་རྒྱལ་ཁ་དེ་ཆོལ་གསུམ་རུ་ཁག་ལ་ཐོབ་པ་དང་། བུ་ཕྲུག་ཆུང་བ་རྣམས་ནས་རྩེད་རིགས་སྣ་ཚོགས་རྩེ་གནང་བཅས་ཀྱི་གནས་བསྡུས་སུ། ཚོགས་ཁང་བསྟན་འཛིན་བློ་གསལ།

པར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 7 སྡོམས་རོགས།