༈ ས་གནས་བོད་སློབ་ཀྱི་ལོ་འཁོར་ཡིག་ཚད་ཐོག་ལྷན་འཛོམས་གནང་བ།
༄༅། བོད་རྒྱལ་ལོ་ ༢༡༤༢ བོད་ ༡ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་ཡོ་ན་ར་པརསི་ཝིལ་བོད་ཡིག་སློབ་གྲྭའི་རྒྱུན་ལས་ཀྱིས་གྲ་སྒྲིག་གནང་བའི་ཐོག་ལོ་ལྟར་བོད་ཡིག་སློབ་ཕྲུག་རྣམས་ལ་ལོ་འཁོར་ཡིག་ཚད་ཨང་རིམ་དང་གཉིས་ལ་བྱ་དགའ་གསོལ་རས་གནང་ལམ་ཡོད་པ་བཅས་བོད་ཤིང་ལུག་ལོའི་ལོ་གསར་དགའ་སྟོན་རྟེན་འབྲེལ་གྱི་ལྷན་འཛོམ་དགའ་སྟོན་གནང་བ་དང་། སྐུ་མགྲོན་དུ་ལོ་མང་རིང་ས་གནས་ཀྱི་བོད་ཡིག་སློབ་གྲྭར་དཔལ་འབྱོར་སོགས་མཐུན་གྱུར་རྒྱབ་སྐྱོར་གནང་མཁན་སུད་སིའི་ཡུལ་མི་དང་ཉེ་འབྲེལ་སོགས་གདན་ཞུ་གནང་འདུག གཞན་ཡང་ས་གནས་མི་མང་དང་དགའ་ཉེ་སྤུན་གྲོགས། བོད་སློབ་གྱི་ཕ་མ་དང་སློབ་ཕྲུག་བཅས་ཀྱི་ཚོགས་ཁང་ཡོངས་སུ་ཁེངས་ཤིང། ཐོག་མར་བོད་ཡིག་སློབ་གྲྭའི་འགན་འཛིན་མཆོག་གིས་ལོ་གསར་གྱི་འཚམས་འདྲི་གནང་བའི་རྗེས་མཆོག་གསུམ་ལ་གསོམ་འདེབས་སྨོན་ལམ་གསུང་འདོན་གནང་བཞིན་གསོལ་ཇ་བཞེས་འབྲས་འབུལ་བཞེས་གནང་བ་དང་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་ཚང་མ་སྤྲོ་བཞུགས་ཐོག་བོད་ཡིག་སློབ་གྲྭའི་དགེ་རྒན་རྣམས་ནས་སློབ་ཕྲུག་ཚོའི་ལོ་འཁོར་ཡིག་རྒྱུགས་ཨང་རིམ་གསལ་སྒྲགས་གནང་བར་བོད་སློབ་འགན་འཛིན་ནས་བྱ་དགའ་བརྩལ་གནང་སོང་། དགོང་དྲོའི་གསོལ་ཚིགས་མཆོད་རྗེས་ས་གནས་འཐུས་མི་གསར་རྙིང་གཉིས་ནས་ལོ་གསར་གྱི་འཚམས་འདྲི་དང་གལ་ཆེའི་གསལ་བསྒྲགས་ཁག་ཅིག་ཞུས་སོང་ལ། དེ་ནས་ཚང་མ་སྐུ་ལྷོད་སྤྲོ་བཞུགས་དང་རང་འདོད་གླུ་ལེན་ཞབས་གཞས་འཁྲབ་སྟོན་སོགས་གནང་ནས་ཤིང་ལུག་གནམ་ལོ་གསར་པའི་དགའ་སྟོན་ལྷན་འཛོམས་བཀྲིས་བདེ་ལེགས་དང་མཇུག་བསྒྲིལ་གནང་སོང་བའི་གནས་ཚུལ་སྙིང་བསྡུས་སུ། སུད་སི་ས་གནས་ཡོ་ན་ར་པརསི་ཝིལ་བོད་སློབ་རྒྱུན་ལས་ཐོུང་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།