༧གོང་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རྟག་བརྟན་ཆེད་ཚེ་དཔག་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ།

ཚང་མས་དགོངས་པར་མངའ་གསལ་བཞིན།  སྤྱི་ལོ་ ༢༠༡༢  ཟླ་བ་  ༩  ཚེས་  ༢༥  ནས་བོད་མི་མང་དམིགས་བསལ་ཚོགས་ཚེན་ཐེངས་གཉིས་པ་དང་སྟབས་བསྟུན་ཕྱི་ཚེས་ ༢༨ ཉིན་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་རིགས་མི་མང་གིས་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུ་དང་། བོད་རིགས་ཡོད་དོ་ཅོག་གིས་༧གོང་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་བ་གསུམ་ལ་བགེག་དང་བར་ཆད་ཕྲ་མོ་ཙམ་ཡང་མི་ཡོང་སླད་ བོད་རིགས་རྩམ་ཟན་ཡོད་དོ་ཅོག་གིས་ཚེ་དཔག་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ་ཡོང་བའི་འབོད་བསྐུལ་ གཞུང་དམངས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་འབོད་བསྐུལ་ཞུས་པ་བཞིན།   སྤྱི་ལོ་  ༢༠༡༢   ཟླ་བ་  ༩   ཚེས་   ༡༥  ཕྱི་དྲོ་ཆུ་ཚོད་ལྔ་པ་ནས་བདུན་པ་བར་རི་ཀོན་རང་བདེན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པས་རི་ཀོན་དགོན་པའི་མཁན་རིན་པོ་ཆེས་དབུས་པའི་དགེ་འདུན་པ་ཞལ་གྲངས་བརྒྱད་དང་མི་མང་ཞལ་གྲངས་ ༧༠ ཙམ་རྒྱས་འཛོམས་ཀྱིས་གཟུངས་སྔགས་གང་མང་གསོག་སྒྲུབ་བྱུང་། ཚོགས་བཅར་ཡོངས་ལ་དགོང་ཚིགས་སྟབས་བདེ་ཞིག་འབུལ་ལམ་ཞུས་པ་བཅས་རི་ཀོན་ཚོགས་ཆུང་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 2 སྡོམས་རོགས།