༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇོན་ཊེམ་པལ་ཊོན་ཐེབས་རྩས་(John Templeton Foundation)ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་ལ་དགའ་བསུ་ཞུས་པ།

༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇོན་ཊེམ་པལ་ཊོན་ཐེབས་རྩས་(John Templeton Foundation)ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་བཀྲིན་ཆེ་སྐབས་ར་པརསེ་ཝིལ་ཡོ་ནཱར་གནས་སྡོད་རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་དང་ཚེ་རིང་དབྱངས་འཛོམས་ལགས་ནང་མི་ཐོུང་ནས་དྭང་བས་ཀུན་ནས་བླང་སྟེ་ས་གནས་མེ་འཁོར་བབས་ཚུགས་སུ་འགྲུལ་མི་རྣམས་ལ་ཞོགས་པ་ཚོུད་དྲུག་པ་ནས་བཞེས་བག་ཚ་བོ་(Gipfeli )འགྲེམས་འབུལ་ཞུས་འདུག  ཡིག་ཆ་འགྲེམས་སྤེལ་ནང་དོན་དང་གསལ་བཤད་བྱ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇོན་ཊེམ་པལ་ཊོན་ཐེབས་རྩས་(John Templeton Foundation) འདི་ལོའི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འབུལ་བཞེས་བཀྲིན་ཆེ་བར་དགའ་དད་སྤྲོ་གསུམ་གྱི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན་སྐོར་གསུངས་པར་བཞེས་བག་བཞེས་མི་རྣམས་ཀྱང་ཧ་ཅང་དགའ་འཚོར་ཆེན་པོ་བྱུང་འདུག་ལ། ཁུལ་འདིའི་བོད་རིགས་ཁག་ཅིག་ནས་ཀྱང་ཞལ་འདེབས་གནང་ཡོད་འདུག་པ་མ་ཟད།  བཞེས་བག་འགྲེམས་འབུལ་སྐབས་མདུན་ཆུ་རྣམ་རྒྱལ་སྒྲོལ་མ་ལགས།  དགོན་པ་བསྟན་རྣམ་ལགས།  དར་ཤིང་ཚེ་རིང་ཆོས་འཛོམས་ལགས་བཅས་ནས་རོགས་རམ་གནང་འདུག འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 8 སྡོམས་རོགས།