༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་འབུལ་གཏན་འཁེལ་བ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མངའ་སྡེའི་ཁལ་ལི་ཕོར་ནི་ཡ་(Long Beach) ཁུལ་དུ་ཆིབས་སྒྱུར་སྐྱོང་སྐབས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་མགོན་པོ་གང་ཉིད་མཆོག་ལ་(Shine Light on Human Rights) འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཞིག་འབུལ་ལམ་ཞུ་གཏན་འཁེལ་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་བཙུགས་ནས་འདི་ལོ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་ཚིགས་དང་སྟབས་བསྟུན་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༤ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བྱ་དགའ་དེ་འབུལ་ལམ་ཞུ་རྒྱུ་ཡིན་འདུག དེ་ཡང་གཙོ་བོ་་མགོན་པོ་གང་ཉིད་མཆོག་གིས་་སྐུ་ཚེའི་ནང་སྤྱི་ཚོགས་ཀྱི་བདེན་དོན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་ཁག་ལ་ཆེ་བསྟོད་ཞུ་ཆེད་འབུལ་རྒྱུ་ཡིན་འདུག
ཁལ་ལི་ཕོར་ནི་ཡའི་མངའ་སྡེ་(Long Beach) ནང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་བྱ་དགའ་དེ་འབུལ་རྒྱུའི་མཛད་སྒོའི་ཐོག་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཨ་རིའི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ལན་རིན་ཁོབ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་རྒྱུ་དང་། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་བཀའ་སློབ་སྩལ་རྒྱུ་ཡིན་འདུག་ལ་མཛད་སྒོ་དང་སྟབས་བསྟུན་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཞིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་འདུག
རྩ་བའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དེ་བཞིན་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པ་དེས་རྒྱལ་སྤྱིའི་སྲོག་ཐོག་གི་ཉིན་མོ་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང་རྒྱ་ནག་དེ་བཞིན་འཛམ་གླིང་འདིའི་ནང་སྲོག་ཐོག་གི་ཉེས་ཆད་གཏོང་མཁན་ཕོན་ཆེ་ཤོས་དེ་ཡིན་པ་སླར་ཡར་གསལ་སྟོན་གནང་ཡོད་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།