ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོས་རང་ལུས་མེར་བསྲེག

དེ་རིང་ཕྱི་དྲོ་ཆུ་ཚོད་༢།༣༠ ཕྱེད་ཀ་ཙམ་ལ་བོད་ཨ་མདོ་ཨ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་ལགས་ཀྱིས་རང་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པས། ཤིག་གསོན་གྱི་གནས་སྟངས་གསལ་པོ་མི་འདུག
དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་གཅའ་ཞང་ནག་ཚང་མའི་བཛྲི་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ། རང་ལོ་ ༡༩  །   ཕ་མིང་ལ་བཛྲི་དང་མ་མིང་པད་དཀར་ཡིན་པ་ཁོང་གིས་རྫོང་མཁར་གྱི་གཞུང་ལམ་དབུས་མའི་མགོ་སྟོད་ནས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག་ཀྱང་། སྐབས་ཐོག་དེར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་སླེབས་ནས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་གཅར་རྡུང་གཏོང་བཞིན་བཙན་ཁྲིད་བྱས་འདུག་པས་ཤི་གསོན་གྱི་གནས་ཚུལ་ཤེས་རྟོགས་མ་བྱུང་།ཁོང་ལ་ནང་མི་ ༧ དང་མིང་སྲིང་ ༤ ཡོད་པའི་ནང་ནས་ཆེ་ཤོས་ཡིན་འདུག ཁོང་དགོན་པའི་འཛིན་གྲྭའི་ནང་གི་སློབ་སྦྱོང་དང་སྤྱོད་ལམ་ཡག་ཤོས་ཤིག་དང་། ཚོགས་གླེང་ཐེངས་མང་གནང་མྱོང་མཁན་ཞིག་ཡིན་འདུགས་གནས་དེ་ག་རང་ནས་བོད་པའི་ཕོ་སར་གཉིས་ལ་གཅར་རྡུང་དྲག་པོ་བཏང་ཞིང་གཅིག་མང་ཚོགས་ཀྱི་རམ་འདེགས་འོག་ཐར་ཙམ་བྱུང་ཡོད་ནའང་། གཞན་དེ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་བཀྱགས་ནས་ཁྱེར་སོང་བ་དང་། དངོས་སུ་མཐོང་མཁན་གྱིས་བརྗོད་པར་ལག་པ་དང་མགོ་ནས་ཁྲག་མང་པོ་ཐོན་བཞིན་ཡོད་འདུགདེ་མིན་གྲྭ་པ་ཞིག་ཀྱང་གཅར་རྡུང་དྲག་པོ་བཏང་བའི་གནས་ཚུལ་ཡོད་ཀྱང་ཁོང་རྣམས་ཀྱི་མིང་དང་ས་གནས་སོགས་ཤེས་རྟོགས་མ་བྱུང་།དོན་རྐྱེན་དེའི་རྗེས་སུ་རྔ་པའི་རྫོང་མཁར་གྱི་གཞུང་ལམ་དུ་འགྲེམས་འཇོག་བྱས་ཡོད་པའི་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་ཀྱིས་རང་ཐད་ནས་བཀག་བསྡོམས་བྱས་ཏེ་དོན་རྐྱེན་བྱུང་སའི་ས་གནས་སུ་མི་མང་འགྲོ་བཅུག་མེད་པ་དང་། རྫོང་མཁར་དུ་འགྲོ་སའི་ཕྱོགས་ཚང་མར་སྔར་ནས་ཡོད་པའི་ཞིབ་བཤེར་ས་ཚིགས་རྣམས་ནས་ཕར་འགྲོ་ཚུར་འོང་གི་བོད་མི་རྣམས་ལ་ཞིབ་བཤེར་བྱས་པ་སོགས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་འདུགགནས་ཚུལ་མཁོ་གཏོང་བ་རྡ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།