ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་ཞུ་གཏུག་ལས་འགུལ་ཐེངས་བཅུ་གཉིས་པ།

ཕྱི་ཟླ ༦ ཚེས ༥ ཉིན་ཆུ་ཚོད་སུད་སི་གྲོང་ཁྱེར་ལུའུ་ཙན་ (Luzern) ནང་གནས་སྡོད་བྱེད་མཁན་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་སུད་སི་ཇི་ནེ་ཝི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་བཅུ་གཉིས་པ་སྤེལ་ཡོད་འདུག

རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་མཁན་ལྷུན་གྲུབ་ཚང་ཀརྨ་བཀྲིས་ཚེ་རིང་ལགས་ཀྱི་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་གནང་དོན།ནམ་རྒྱུན་ལྟར་གཟའ་ལྷག་པའི་ཉིན་རྒྱལ་ཚོགས་མདུན་དུ་བོད་ཀྱི་རྒྱལ་དར་བཤམས་འགྲེམས་དང་། བོད་གནས་འགྲེལ་བརྗོད་ཡིག་ཆ་འགྲེམ་སྤེལ། རྒྱ་ཡིག་ནང་༧གོང་ས་མཆོག་གི་བཀའ་སློབ་སྦྱར་འགྲེམས་བཅས་གནང་ཡོད། ཅེས་དང་། ཉིན་དེར་ཝེ་ཐུ་ནམ་གྱི་བོད་དོན་རྩོམ་པ་པོ་དང་། རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན།(CSRP ) ཝེ་ཐུ་ནམ་སྐྱབས་བཅོལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་སྐུ་ཞབས་Nguyen Hoangbuviet ལགས་ཀྱི་བོད་དོན་ལ་དོ་སྣང་ཆེ་བཞེས་ཀྱིས་ལས་འགུལ་འདིར་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་པ་དང་། ལྷག་དོན་ཉིན་དེར་གནམ་གཤིས་ཡག་པོ་ཡོད་སྟབས། འཛམས་གླིང་གང་ས་ནས་ཕེབས་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་པོར་བོད་གནས་ཡིག་ཆ་༦༠༠་ལྷག་འགྲེམས་སྤེལ་གནང་ཐུབ་སོང་བ་མ་ཟད། རྒྱ་ནག་སྐམ་ས་ཆེན་མོ་ནས་ཕེབས་པའི་རྒྱ་རིགས་མང་པོས་༧གོང་ས་མཆོག་གི་བཀའ་སློབ་རྒྱ་ཡིག་ནང་སྦྱར་འགྲེམས་བྱས་པར་དོ་སྣང་ཆེན་པོས་ཀློག་མཁན་མང་པོ་བྱུང་སོང། ཞེས་སོགས་གསུང་སོང་།

ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་འདིས་རྒྱལ་ཚོགས་ལ་རེ་འདུན་དོན་ཚན་དྲུག་བཏོན་ཏེ་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་འདུགགསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སྡོམས་རོགས།