ཁྱིམ་ཚང་གསུམ་ཀྱི་བོད་དོན་ཞུ་གཏུག་ལས་འགུལ།

ཕྱི་ལོ་༢༠༡༤ལོའི་ཟླ་༢ ཚེས་༥ཉིན་ཉིན་ནས་སུད་སི་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིོམ་ཚང་གཉིས་ཀྱིས་འདས་པའི་ལོ་ངོ་གཅིག་ལྷག་རིང་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལྟར། གོང་ཚེས་ཉིན་ནས་སྔར་ཡོད་ཁྱིམ་ཚང་གཉིས་ཀྱི་ཁར་སུད་སིར་གནས་སྡོད་བཀྲ་བསྟན་ཚང་པ་སངས་ལགས་མཉམ་ཞུགས་གནང་སྟེ། ད་ཆ་ཁྱིམ་ཚང་གསུམ་གྱིས་མུ་མཐུད་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་བཞིན་པ་རེད་འདུགཁྱིམ་ཚང་གསུམ་གྱི་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུགས་ལས་འགུལ་འདི་ནི་ཁྱིམ་ཚང་གསུམ་གྱི་ནང་མི་ཚོས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་ཚོགས་ལས་ཁུངས་མདུན་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་མདུན་ཐང་བཅས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སྔ་མའི་གསར་གནས་ཁག་ཏུ་འཁོད་ཟིན་པའི་དགོས་འདུན་དོན་ཚན་དྲུག་གི་དགོས་འདུན་སྙན་ཞུ་གཏོང་བཞིན་ཡོད་འདུག

ཐེངས་འདིའི་ལས་འགུལ་ནང་ཁྱིམ་ཚང་གསུམ་གྱི་ནང་མི་མ་ཡིན་པའི་གདུང་སེམས་མཉམ་བསྐྱེད་ཆེད་མཉམ་ཞུགས་གནང་མཁན་གོ་བོ་བསོད་ནམས་ལགས་དང་། བཀྲ་ཤིས་ལྷ་མོ་གཉིས་བཅས་ཁྱོན་མི་གྲངས་ལྔ་ཡོད་འདུག ཉིན་འདིར་སུད་སིར་གནམ་གཤིས་ཧ་ཅང་སྡུག་ཅིང་ཆར་རླུང་གི་གནོན་ཤུགས་ཤིན་ཏུ་ཆེ་ནའང་། ལས་འགུལ་བ་རྣམས་ཀྱི་ཡིག་ཆ་འགྲེམ་སྤེལ་སོགས་གནང་སྟེ། ཕྱི་རྒྱལ་མི་རིགས་རྣམས་དང་། ལྷག་དོན་ རྒྱ་རིགས་སྤྲོ་འཆམས་པ་རྣམས་ལ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་བོད་གནས་ཡིག་ཆ་སོགས་མང་པོ་འགྲེམ་སྤེལ་གནང་ཡོད་འདུག  

འབྲེལ་གཏུག་ཞུ་ཡུལ།ཁ་པར། 0041764774162 སྟག་ཚང་དཀོན་ཅོགཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།