གངས་ཅན་གྱི་དཔའ་བོ་དང་དཔའ་མོ་༡༤རྣམས་ཀྱི་ཆེད་དུ་མར་མེའི་ཁྲོམ་འཁོར་གནང་བ།
༄། །གངས་ཅན་གྱི་དཔའ་བོ་དང་དཔའ་མོ་༡༤རྣམས་ཀྱི་ཆེད་དུ་མར་མེའི་ཁྲོམ་འཁོར་ཞིག་ས་གནས་Luzernལ་གནང་དེན་ས་ཐུས་ནས་བདེ་བ་ཀནམ་ལགས་ནས་བསྟན་དགྲ་རྒྱ་དམར་ཇག་པས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་པ་ཙམ་མ་ཟད་སྨྱོ་ཧམ་དང་བཙན་གཤེད་ཀྱིས་རང་རེའི་མེས་པོ་གོང་མ་ཚོའི་རྔུལ་ཆུའི་ཐིགས་ཕྲེང་ལས་འཁྲུངས་པའི་རིན་ཆེན་འབུལ་ཕྲག་དུ་མས་གཞལ་བར་དཀའ་བའི་རིག་གཞུང་གི་སྙིང་བཅུད་དང་། ཕ་རྒན་སྤྲེལ་དང་མ་རྒན་བྲག་སྲིན་གྱི་རིགས་རྒྱུད་ཡོངས་རྫོགས་རྩ་གཏོར་གཏོང་བའི་འཛམ་གླིང་སྐྱེ་བོ་ཀུན་གྱི་བློ་ཡུལ་ལས་འདས་པའི་ལས་ངན་དུ་མ་བརྩམས་དང་རྩོམ་བཞིན་པས་གཞིས་བཞུགས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྐུ་ངལ་བརྒྱ་ཕྲག་མྱོང་ཡང་ཐུགས་སྟོབས་འགྱུར་མེད་རྡོ་རྗེར་བརྟན་པས་དུས་དང་རྣམ་པ་ཀུན་ཏུ་བཙན་འཛུལ་རྒྱ་མི་དམར་པོར་ངོ་རྒོལ་མཐའ ་གཅིག་ཏུ་གནང་བ་དང་། ལྷག་པར་་༢༠༠༨་ལོར་མདོ་དབུས་ཁམ་གསུམ་གྱི་ཆོལ་གསུམ་སྤུན་ཟླ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ཁ་བའི་ལྗོངས་སུ་གདན་འདྲེན་ཞུས་ཏེ་གཞིས་བྱེས་སྤུན་ཟླ་མཉམ་འཛོམས་དགོས་པའི་བདེན་པའི་ངར་སྒྲ་བསྒྲགས་པར་བསྟན་དགྲ་རྒྱ་དམར་གྱིས་རང་ཉེས་ངོས་ལེན་མི་བྱེད་པར་དེ་ལས་ལྡོག་སྟེ་དེངས་རབས་ཀྱི་ལག་ཆ་ཐོགས་པའི་དྲག་དམག་བཏང་ནས་བོད་མི་གྲངས་ལས་འདས་པ་འཛིན་བཟུང་དང་། ཐབས་ལམ་འདྲ་མིན་གྱི་ཉེས་པ་སྣ་ཚོགས་འགེལ་བ་སོགས་བོད་ནང་ཉིན་མོ་འཁྱོལ་ཡང་མཚན་མོ་མི་འཁྱོལ་བའི་དཔེ་ལྟར་གནས་ཚུལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པར་སོང་། ཉེ་བའི་ཆར་མི་རིགས་ཀྱི་ལ་རྒྱ་ཟབ་ཅིང་ཕུལ་བྱུང་གི་སྙིང་སྟོབས་ཅན་རང་རིགས་དཔའ་བོ་དཔའ་མོ་་༡༢་དང་ཉེ་ཆར་སྤྱིན་༠༡ཚེས་༠༦ཉེན་བོད་ཀྱིས་ནང་སླར་ཡང་བོད་རིགས་སྤུན་ཟླ་དཔའ་བོ་༠༢སྐུ་ལུས་མཆོད་མེར་ཕུལ་སྟེ་རང་གི་རྒྱལ་ཁབ་བདེན་དོན་རྩོད་པ་། རྒྱ་དམར་གྱི་བྱ་སྤྱོད་ངན་པ་དེ་དག་གོ་ལའི་ཁྱོན་དུ་དྲིལ་བསྒྲགས་མཛད་པར་འཛམ་གླིང་ས་ཕྱོགས་ཀུན་ཏུ་གནས་པའི་བོད་དོན་རྒྱབ་སྐྱོར་བ་སྤྱི་སྒེར་དང་བོད་མི་གནས་ཡུལ་ས་གནས་ཀུན་ནས་རྒྱ་དམར་གྱི་བྱ་ངན་དེ་དག་མཚམས་འཇོགས་དགོས་པའི་རེ་བསྐུལ་དང་། རྣམ་པ་འདྲ་མིན་གྱི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལྟར་འདི་ག་རང་དབང་ལུང་པ་ཡོད་པའི་སུད་སི་དང་ལེཀ་ཌེན་སྤྲཡན་བོད་རིགས་་མི་མང་ས་གནས་Luzernགི་གོ་སྒྲིག་འོག་༢༠༡༢་ཟླ་༡་ཚེས་༧ གྱི་ཕྱི་དྲོའི་༥་གོ་འཛུགས་ཀྱི་ལུ་ཙན་Luzern མེ་འཁོར་འབབ་ཚུགས་ནས་འགོ་འཛུགས་གནང་ནས་Luzern གྲོང་ཁྱེར་དབར་ལ་མར་མེའི་ཁྲོམ་སྐོར་ཞིག་ལེགས་པོ་ངང་ནས་བྱེད་སེང་མཚུངས་པ་ནང་ཞིན་སུ་སི་ཁུལ་ནས་ཡིན་པ་བོད་མི་༢༠༠ལྷགས་རྩམ་ཕེབས་འདུག་མ་མ་ཟད་སིུ་དང་མི་རིགས་དང་གཞན་ཡང་ཕེབས་འདུག་ལ་རྒྱབ་སྐྱོར་ཆེན་པོ་གནང་གྱི་འདུག་ཉ་བཅས་ཞུ།འདྲ་པར་་་་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།