གསལ་བསྒྲགས་སྔོན་སོང་བཞིན་འཇི་ནི་ཝར་བོད་དོན་ལས་འགུལ་སྤེལ་བ།

སུད་སི་དང་།ལིཀ་ཏེན་སིཊཡན་ས་གནས་འཐུས་ཚོགས་ཀྱི་གོ་སྒྲིག་འོག་འདི་ལོ་ཕྱི་ཟླ་གསུམ་པ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེེ་སྐུ་ཞབས་སྦན་ཀི་མོན་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་༸གོང་ས་མཆོག་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་ཞི་མོལ་ཡོང་ཐབས་བསྐུལ་དེད་གནང་དགོས་པའི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད།  ཟླ་གསུམ་རེར་ཚོགས་ཆུང་དྲུག་རེ་རེས་མོས་འགྲོ་རྒྱུ་གཏན་འབེབས་གནང་བ་ལྟར།  ལས་འགུལ་ཐེངས་གཉིས་པ་ཕྱི་ཟླ་ ༦ ཚེས་  ༡༠  / ༡༣ ཉིན་བཞིའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྐུ་ཕྱག་འཚལ་རྒྱུའི་ལས་རིམ་ཉིན་དང་པོ་ད་རིང་ཞོགས་པ་ཚོུད་ ༨ ནས་འགོ་འཛུགས་ཞུས་འདུག  ལས་འགུལ་ནང་མི་གྲངས་ ༡༩  ཡོད་པ་ནས་བེུད་གསུམ་དང་།  ལོ་ན་རྒན་ཤོས་རང་ལོ་ ༧༠  ཅན་གྱི་ཨ་མ་ཤ་བོ་སྐྱིད་ལགས་ཡིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ་བསྟན་འཛིན་སྙིང་པ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།