གསེར་རྟ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་བ།
༄༅། འདི་གར་བང་ཆེན་གསར་འགོད་པ་ཆོས་ཉིད་འོས་ཟེར་ལགས་ཀྱིས་བཏང་གནས་ནང་འཁོདདོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ནས་བོད་མི་དབང་རྒྱལ་ཟེར་བ་ཞིག་གིས་རྒྱ་གཞུང་གི་བཙན་གནོན་སྲིད་ཇུས་ལ་ངོ་རྒོལ་གྱིས། རང་ལུས་མེར་སྲེག་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་༡༢ ཡས་མས་སུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ་ཡོད་པའི་གསེར་རྟའི་མདུན་ཐང་དུ། དབང་རྒྱལ་ཟེར་བ་ཞིག་གིས། རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གི་གནས་ཚུལ་བྱུང་ཡོད་པ་རེད། ཁོང་གིས་མེར་སྲེག་བཏང་མ་ཐག་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་བྱས་ཡོད་འདུག ད་ལྟ་ས་གནས་སུ་མི་མང་པོ་འཛོམས་ཡོད་པ་དང་། གཞུང་གིས་དམ་དྲག་བྱས་ཏེ། དྲ་ལམ་ཁག་ཀྱང་སྒོ་རྒྱག་གི་ཡོད་པས། གནས་ཚུལ་ཆ་ཚང་རག་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད།རང་ལུས་མེར་སྲེག་གཏོང་མཁན་དབང་རྒྱལ་ནི་དེ་སྔོན་གྲྭ་པ་ཡིན་དང་། ཕ་འདས་པོ་འཆི་མེད་དང་། མ་འདས་པོ་མཛེས་ལྡན་གཉིས་ཀྱི་བུ་ཡིན་འདུག་ལ། ལོ་ ༢༠ ནང་དུ་ཡོད་འདུག སྤུན་གཉིས་ཡོད་པའི་ཆེ་བའི་མིང་ལ་ཚེ་སྒྲུབ་ཟེར་གྱི་ཡོད་འདུག་ལ། ཁོང་གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོའི་ཁ་ཤུལ་འཚོ་བ་ནས་ཡིན་འདུག་པ་བཅས།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།