གྱ་སྟོན་དང་བརྟན་བཞུགས།།

ཕྱི་ལོ་ ༢༠༡༥  ཟླ་  ༡༠  ཚེས ༡༠  ཉིན་སུད་སི་་ས་གནས་ Samstagern དུ་སུད་སི་དང།  ལིཀ་ཏེན་སིཊཡན་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་འོག་༧བླ་ན་མེད་པའི་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་གྱ་སྟོན་སྲུང་བརྩི་དང་མགོན་པོ་མཆོག་ཉིད་ལ་བརྟན་བཞུགས་སྟབས་དེ་ཞིག་ཀྱང་སྟབས་འབུལ་ཞུས། 

རི་ཀོན་མཁན་རིན་པོ་ཆེ་དང་ཞི་བ་ལྷ་རིན་པོ་ཆེ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་ཚོགས་གཙོ་བཅས་ནས་གསོལ་འདེབས་དང་བཏང་རག་མཎྜལ་སོ་སོར་ཕུལ། དགའ་སྟོན་བརྟན་འབྲེལ་གྱི་གླུ་བཞས་གང་མང་འཁྲབ་སྟོན་ཞུས།  སྐབས་འདི་དང་བསྟུན་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་སྨོན་ལམ་དང་མཆོག་སྤྲུལ་མྱུར་དུ་བྱོན་པའི་གསོལ་འདེབས་ཞུས།  

སྐབས་འདིའི་གཞས་པ་དང་ལས་བྱེད་རོགས་པ་ཚང་མ་དང་བླངས་བ་ཤ་སྟག་ཡིན། མི་མང་ཡང་ ༢༠༠ ལྷག་ཙམ་མཉམ་འཛོམས་བྱུང་ཞིང་དེ་དག་ཀྱང་ཧ་ཅང་དགའ་འཚོར་ཆེན་པོའི་ངང་ཉིན་རྒྱབ་ཆུ་ཚོད་  ༢།༠༠  པ་ནས་མཚན་ཆུ་ཚོད་  ༡༡/༣༠  བར་ལྷོད་བཞུགས་ཀྱི་མཛད་རིམ་ཁག་ལེགས་གྲུབ་བྱུང།     ངག་དབང་དཔལ་ལྡན

འདྲ་པར་ཁག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།