ཆོས་རྗེ་ས་སྐྱ་པཎྜི་ཏའི་འདས་མཆོད་མཆོད་འབུལ་ཞུས་པ།

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༣ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུད་ཚོད་ ༠༩་༣༠ ཐོག་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་ཆོས་ཀྱི་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏའི་འདས་མཆོད་ཚོགས་སྲོལ་ཡོད་པ་ལྟར་  ཆོས་ཀྱི་རྗེ་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་བདེ་བར་གཤེགས་ནས་མི་ལོ་ ༧༦༣ ཧྲིལ་པོ་འཁོར་བ་དང་ འདས་ལོར་༸སྐྱབས་མཆོག་ས་སྐྱ་༸གོང་མ་རིན་པོ་ཆེའི་བཀའ་དགོངས་ལྟར་སུད་སི་བརྩེ་ཆེན་ཚོགས་པ་གསར་འཛུགས་དང་འབྲེལ་འདས་མཆོད་འདི་ཉིད་ཀྱང་གལ་ཆེའི་ངོ་བོར་རྩིས་ནས་ལོ་ལྟར་རིན་དཀོན་ཆོས་འཁོར་དགོན་དང་མཉམ་སྲུང་བརྩི་ཞུས་བཞིན་ཡོད་པ་རེད། འདི་ལོ་ཡང་རི་ཀོན་མཆོད་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམ་པས་དབུས་མི་མང་མཉམ་འཛོམས་ཐོག་མཆོད་འབུལ་གཟབ་རྒྱས་ཞུས་པ་དང་མང་ཚོགས་ལ་ཉིན་དགུང་གསོལ་ཚིགས་བཅས་འབུལ་གནང་ཞུས་ཡོད་པས་གནས་བསྡུས་སུ། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སྡོམས་རོགས།