ཏཱ་ལའི་རུ་ཚོགས་ཀྱིས་བྱས་པ་ཞིག་རེད་ཅེས་རྒྱ་ནག་གིས་བརྗོད་འདུག

བོད་ནང་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པ་དེ་ཚོ་ཚང་མ་ཏཱ་ལའི་རུ་ཚོགས་ཀྱིས་བརྒྱུད་སྐུལ་བྱས་ཏེ་བྱུང་བ་ཞིག་རེད་ཅེས་རྒྱ་གཞུང་གིས་སྐྱོན་བརྗོད་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་༡༡ ཉིན་རྒྱ་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིའུ་ཝེ་མིན་གྱིས་རྒྱ་ནག་གཞུང་འབྲེལ་གྱི་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཞིག་གི་ཐོག་“ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་ཚོས་བོད་ནང་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་དག་ལ་སྐྱོན་བརྗོད་མ་བྱས་པ་མ་ཟད། ད་དུང་དེ་རིགས་ཀྱི་གནས་ཚུལ་མང་དུ་ཡོང་ཆེད་འཛམ་གླིང་གང་སར་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་རེད་”བཅས་བརྗོད་འདུག

ཁོང་གིས་མུ་མཐུད། “ཏཱ་ལའི་རུ་ཚོགས་ཀྱིས་གནས་ཚུལ་དེ་ཚོར་སྒྲོ་གཏགས་པ་དང་ དཀྲོགས་གཏམ་བཟོས་ཏེ་སྤེལ་བ་མ་ཟད། ད་དུང་བོད་མི་གཞན་རྣམས་ལ་སྐུ་ལུས་མེར་བསྲེག་གཏོང་དགོས་པའི་སྐུལ་འདེད་བྱེད་ཀྱི་ཡོད་པ་རེད་”བཅས་བརྗོད་འདུག

ལིའུ་ཝེ་མིན་གྱིས་འགྲེལ་བརྗོད་བྱས་པར་གཞིགས་ན། བོད་མིའི་རང་ལུས་མེར་བསྲེག་བཏང་སྟེ། ངོ་རྒོལ་བྱས་པ་དེ་ནི་དྲག་པོའི་སྒོ་ནས་རྒྱ་གཞུང་མགོ་རྟིང་སློག་རྒྱུར་འཆར་གཞི་ཡོད་པའི་ལས་འགུལ་གྱི་ཟུར་ཞིག་ཡིན་པ་དང་། རང་ལུས་མེར་བསྲེག་བཏང་བ་དེ་ནི་འགྲོ་བ་མིའི་གཞི་རྩའི་བྱ་སྤྱོད་དང་མི་མཐུན་པ་མ་ཟད། ལྷག་པར་དུ་ནང་པའི་ལྟ་གྲུབ་དང་འགལ་བ་ཞིག་རེད་”བཅས་བརྗོད་འདུག །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 4 སྡོམས་རོགས།