ཐུགས་རྗེ་ལེགས་གསོལ་གྱི་གསོལ་སྟོན།
༢༠༢༡ ཟླ། ༩ ཚེས། ༢༥ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ལྔ་པ་ནས་དགོང་མོ་ཕྱག་ཚོད་བརྒྱད་པ་བར་ཉེ་ཆར་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག ༢༠༢༡ ཟླ། ༧ ཙེས། ༢༧ ནས་ཟླ། ༨ ཚེས། ༡ བར་ཉིན་གྲངས་དྲུག་གི་རིང་དབྱར་དུས་བོད་ཀྱི་རིག་གནས་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་བྱུང་ཡོད་པ་སྐབས་དེའི་དཔལ་འབྱོར་གྱི་མཐུན་འགྱུར་གནང་མཁན་སྦྱིན་བདག་ཁག་དང་ཟབ་སྦྱོང་སྐབས་སུ་སློབ་འཁྲིད་གནང་མཁན་དང་དྭང་བླངས་ཕྱག་རོགས་གནང་མཁན་ཡོངས་རྫོགས་གདན་ཞུས་ཀྱིས་ཐུགས་རྗེ་ལེགས་གསོལ་མཚོན་ཕྱིར་དགོང་མོའི་གསོལ་ཚིགས་ཞིག་གོ་སྒྲིག་ཞུས་ཡོད། བོད་སློབ་སྤྱི་ཁྱབ་འགན་འཛིན་ནས་དབྱར་དུས་བོད་ཀྱི་རིག་གནས་ཟབ་སྦྱོང་གི་དམིགས་ཡུལ་དང་སྒྲུབ་འབྲས། འགྲོ་སོང་རྩིས་ཁྲ་སོགས་ཚོགས་བཅར་བ་ཡོངས་ལ་འབུལ་ལམ་ཞུས།
དབྱར་དུས་བོད་ཀྱི་རིག་གནས་ཟབ་སྦྱོང་ཐེངས་གཉིས་པའི་མཛད་རིམ་ཡོངས་རྫོགས་ཕྱོགས་སྒྲིག་ཞུས་པའི་དངོས་བྱུང་གཞི་འཛིན་གྱི་གློག་བརྙན་ལྟར་སྤུས་ཚད་ལེགས་པོ་ཉིན་དང་པོ་ནས་ཉིན་དྲུག་པའི་བར་ཉིན་སོ་སོར་བརྙན་ཐུང་རེ་རེ་བཞིན་ལེའུ་དྲུག་བཟོས་ཡོད་པ་ལེའུ་ཆ་ཚང་ནས་སྐར་མ་བཅུ་ཙམ་རེ་བྱས་ནས་ཐེངས་དང་པོ་དེ་ཚོགས་བཅར་བ་ཡོངས་ལ་རྟེན་འབྲེལ་མཚོན་ཕྱིར་དུ་སྤྱན་འབུལ་ཞུས་ཡོད། གཟིགས་མོ་སྤྱན་འབུལ་བསྒྲུབས་རྗེས་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་གཉིས་ནས་སྦྱིན་བདག་རྣམ་པའི་གཙོས་ཚོགས་བཅར་བ་ཡོངས་ལ་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་དང་མཇལ་དར་བསྒྲོན། རོ་བཅུད་ལྡན་པའི་དཀར་སྐྱོང་གི་དགོང་མོའི་གསོལ་ཚིགས་ལ་རོལ་བ་དང་ཆབས་ཅིག་ཕན་ཚུན་བློ་དཀར་དམ་གཙང་གི་གླེང་མོལ་གནང་བཞིན་མཛད་སྒོ་བཀྲ་ཤིས་ལོ་ལེགས་ངང་འཇུག་བསྒྲིལད།
ཚེ་དབང་མུན་སེལ་གྱིས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།