དང་བླང་སྐུ་སྲུང་བའི་གཟབ་སྦྱོང་ལེགས་གྲུབ་བྱུང་བ།
ཕྱི་ལོ་༢༠༡༥ཟླ་༡ཚེས་༡༠ཉིན།ཆུ་ཚོད་ ༡༠ ནས ་༡༧ བར་ས་གནས་ཨོཊ་ཝིལ་ཨམ་སེར་རིང་མིན་སུད་སི་ས་གནས་སྦ་སེལ་དུ་༧གོང་ས་མཆོག་ཆིབས་སྒྱུར་མཛད་རིམ་དང་འབྲེལ་སྐུ་འཕྱའི་ཉེན་སྲུང་དང་ཆོས་ཞུ་མང་ཚོགས་ཀྱི་བདེ་འཇགས་ཆེད།སུད་སི་མི་མང་ཕེབས་སྒྲིག་སྐུ་སྲུང་སྡེ་ཚན་གྱི་གོ་སྒྲིག་འོག དང་བླང་སྐུ་སྲུང་བ་རྣམས་ཚང་འཛོམས་ཐོག་སུད་སི་ཆེད་ལས་བདེ་འཇགས་མི་སྣ་( HERR THOMAS TANNER,Kantonal Police ZH EG DIAMANT)ལགས་ཀྱིས་གཟབ་སྦྱོང་སྣེ་ཁྲིད་གནང་བ་དང།སྡེ་ཚན་རུ་ཁག་བརྒྱད་ལ་ཆ་བགོས་ཀྱིས་ལས་ཚན་ངོ་སྤྲོད་ཐོག་དྲི་ལན་གསལ་བཤད།མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་དང་།སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས།ཕེབས་སྒྲིག་ལས་གྲའི་འགན་འཛིན་ཡོ་ཧ་ནཱེས་(JOHANNES GRUSS,PROJECT LEITER)དང་།ཕེབས་སྒྲིག་སྐུ་སྲུང་འགན་འཛིན་ཤ་བ་ཚེ་རིང་དོན་གྲུབ་བཅས་ཀྱིས་ལས་དོན་དང་འབྲེལ་བའི་གསུང་བཤད་གནང་།ཡོ་རོབ་དམིགས་བསལ་སྐུ་ཚབ་ཀྱི་ཕྱག་རོགས་སེ་བོ་བསྟན་འཛིན་ལགས་ནས་ལས་དོན་ཉམས་ཞིབ་དང་ཇར་མན་གསུང་སྒྱུར་ཞུས།སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས་ཆེད་ཕེབས་གནང་བ་དང་།དོན་ཁང་ཕྱག་སྦྲེལ་སྐུ་ཞབས་ཟླ་བ་ཚུལ་ཁྲིམས་ཆེད་བཅར་གནང་།མི་མང་ཕེབས་སྒྲིག་ལྷན་ཚོགས་ནས་ཉིན་གུང་གསོལ་ཚིགས་དང་།༼སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས་ཁྱིམ་ཚང་ནས་གཟབ་སྦྱོང་ཚོགས་ཁང་རིན་མེད་ཐོག་བཀོད་སྒྲིག་འཐུས་ཚང་གནང་བའི་ཐོག་གསོལ་ཇ་བཞེས་ཏོག་ཀྱང་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ།༽དེ་བཞིན་ཤ་བ་ཚེ་རིང་དོན་གྲུབ་དང་།གང་གཞོན་ཚང་དཔལ་ལྡན།ཕྱོགས་ཆམ་པ་བསྟན་འཛིན་ཟླ་བ་ཁྱིམ་ཚང་བཅས་ནས་ཀྱང་གསོལ་ཇ་བཞེས་ཏོག་འདེགས་འབུལ་ཞུས་ཏེ།གཟབ་སྦྱོང་གི་ལས་རིམ་གང་ལེགས་བྱུང་བའི་གནས་བསྡུས་སུ།སྐུ་སྲུང་འགན་འཛིན་ཤ་བ་ཚེ་རིང་དོན་གྲུབ་དང་།ལས་གྲོགས་གང་གཞོན་ཚང་དཔལ་ལྡན།གང་གཞོན་ཚང་རྣམ་རྒྱལ།ཕྱོགས་ཆམ་པ་བསྟན་འཛིན་ཟླ་བ་བཅས་ཐུན་མོང་ནས་ཕུལ།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།