དབུ་མའི་ལམ་ལ་ངེས་ཤེས་རྙེད་ན་ཆོལ་གསུམ་བོད་མི་ཁ་འབྲལ་ཐབས་མེད

 ༄༅།།བོད་རྒྱལ་ལོ༢༡༤༥ཟླ༠༥པའི་ཚེས་༢༣ཕྱི་ལོ་༢༠༡༧ཟླ༠༧པའི་ཚེས་༠༧ཉིན་ས་གནས་བྷུའི་ལ་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་རང་ཅག་གངས་ཅན་པ་ཡོངས་ཀྱི་སྐྱབས་མགོན།འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་ན་དགུང་གྲངས༨༤དང་ཕྱི་ལུགས་ལྟར་ན་དགོང་གྲངས་༨༣ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་གྱི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྔ་དྲོ་ཕྱག་ཚོད་༡༢།༣༠ནས་མཚན་གྱི་ཆུ་ཚོད་༢༣།༠༠་བར་གཟབ་རྒྱས་ངང་ཚོགས་སོང་།

ཐེངས་འདིའི་མཛད་སྒོའི་སྐབས་ས་གནས་བོད་ཡིག་སློབ་གྲྭ་ཁག་དང་ཚོགས་པ་སྐྱིད་སྡུག་ཁག་ནས་གཞས་སྣ་ཁག་༤༡ཙམ་སྤྱན་འབུལ་ཞུས་སོང་ལ།དམིགས་བསལ་གྱིས་བོད་ཡིག་སློབ་གྲྭ་ཁག་གི་གཞས་སྣ་འཁྲབ་སྟོན་ཁག་ལོ་རེ་ནས་ལོ་རེར་ཡར་རྒྱས་འགྲོ་བཞིན་ཡོད་སྐོར་མང་ཚོགས་ནང་ཐུགས་སྣང་གནང་གི་ཡོད་འདུག

ཐེངས་འདིའི་སྐུ་མགྲོན་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་གནང་ཡོད་ཅིང་། སྐུ་མགྲོན་གཙོ་བོ་མཆོག་གིས་ཀྱང་སུད་སུར་གནས་བཞུགས་བོད་མི་ཡོངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་སྟངས་ལ་བསྔགས་བརྗོད་དང་མིག་དཔེར་འོས་བ་ཞིག་ཆགས་འདུག་པས་རྗེས་སུ་ཡུ་རིང་ཞུས་ཡོད་འདིག་ཅིང་།  དེ་བཞིན་བོད་ཀྱི་བདེན་མཐའ་སེལ་བར་ཕྱི་ལས་ནང་གི་འགལ་རྐྱེན་ཆེ་བས་ཁོང་སྒེར་ལ་དེ་དོན་ཐད་་གནས་ལུགས་དང་རྒྱུ་མཚན་ཡོད་གསུངས་སོང་།དེ་བཞིན་དབུ་མའི་ལམ་གྱི་ངེས་ཤེས་རྙེད་ན་དེ་ནི་ཆོལ་གསུམ་བོད་མི་ཁ་འབྲལ་ཐབས་མེད་པའི་སྲིད་ཇུས་ཤིག་ཆགས་ཡོད་ཚུལ་སོགས་བཀའ་སློབ་གནང་ཡོད་འདུག

རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་ནས་བོད་མི་ཚང་མ་རྡོག་རྩ་ཆིག་སྒྲིལ་དང་བཟང་སྤྱོད་གལ་ཆེན་ཡིན་པ།མང་གཙོ་ནང་བཟང་སྤྱོད་མེད་ན་ཉེན་ཁ་ཡིན་ཚུལ་དང་འབྱུང་འགྱུར་སྤྱི་ཟླ་དགུ་བའི་ནང་༧གོང་ས་མཆོག་སུད་སུ་ནང་ཆིབས་བསྒྱུར་བསྐྱངས་སྐབས་བོད་མི་མང་པོས་འཕྱར་གྲུ་མཉམ་འདེགས་བྱ་དགོས་གལ་ཆེ་ཚུལ་སོགས་གསུངས་སོང།

དེ་བཞིན་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་ནས་བཀའ་ཤག་གི་གསུངས་འཕྲིན་ལྗགས་ཀློག་དང་སྐབས་བཅུ་དྲུག་པའི་འཐུས་མི་ཡོངས་ཀྱིས་ཕྱག་ལས་ཡག་པོ་གནང་བར་བསྔགས་བརྗོད་དང་ད་ལྟའི་འཐུས་མི་རྣམས་ཀྱིས་ཀྱང་དོན་གཅོད་དང་འཕྱར་གྲུ་མཉམ་འདེགས་ཀྱིས་ལས་དོན་སྔར་ལས་ཚགས་ཚུད་ཡོང་བའི་རེ་བ་ཡོད་ཚུལ་གསུངས་སོང་།དེ་བཞིན་ཡོ་རབ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུངས་འཕྲིན་སྒྲོག་སྦྱངས་གནང་བཅས་གནང་སོང་།

དེ་བཞིན་ཡོ་རབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་༧སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བཀོད་སྒྲིག་གནང་བཞིན་ལྟར། ད་ལོའི་རྐར་རྩེད་སྤོ་ལོའི་འགྲན་བསྡུར་ནང་རུ་ཁག་༣༤མཉམ་ཞུགས་བྱས་ཡོད་པ་དང་མཐའ་མའི་རྟིང་བརྩད་འགྲན་བསྡུར་ཁྲོད་པོ་ཏ་ལ་རུ་ཁག་དང་ལྷ་སའི་བུ་རུ་ཁག་གཉིས་ཀྱི་འགྲན་བསྡུར་ཁྲོད་པོ་ཏ་ལ་རུ་ཁག་ལ་ཨང་དང་པོ་ཐོབ་ཡོད་འདུག  

གསར་འགོད་པ། དབང་གྲགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 8 སྡོམས་རོགས།