ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་པ།
ཕྱི་ལོ་ ༢༠༡༢ ཟླ་བ་ ༡༢ ཚེས་ ༡༨ ཉིན་སུད་སི་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ནང་སུད་སི་དང་ལིཀ་ཏེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་རྒྱས་པ་སྲུང་བརྩི་ཞུས་ཡོད་པ་རེད། ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་དགེ་འདུན་རྣམ་པས་དབུས་ཕྱི་ནང་སྐུ་མགྲོན་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་རིན་པོ་ཆེ་བདེན་འདྲེན་ཞུས་ནས་སུད་སི་དང་ལིཀ་ཏེན་སྤྲཡན་བོད་རིགས་མི་མང་གི་ཟློས་ཚོགས་ནས་དབུ་འཁྲིད་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་གནང་མཛད་ཡོད། མཛད་གཙོ་རྣམས་ནས་སྐུ་པར་རིན་པོ་ཆེར་མཎྜལ་རྟེན་གསུམ་དང་མཇལ་དར་ཕུལ་བ་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་ངག་གཅད་གནང་བ་དང་།སུད་སི་སྟོད་སྐྱིད་ནས་རྒྱལ་གཞས་གཟིགས་འབུལ་ཞུས།
མི་མང་ཚོགས་གཙོས་དུས་དྲན་མཛད་སྒོའི་གསུང་བཤད་གནང་རྗེས་ སུད་སི་བོད་སློབ་ཁག་ནས་ཞབས་གཞས་ཁག་རིམ་མཞིན་གཟིགས་འབུལ་ཞུས།མཛད་གཙོ་རྣམ་པས་གསུང་བཤད་ཁག་གནང་པ་དང་། ཚོགས་སྐྱིད་ཁག་དང་ཚོགས་ཆུང་ཁག་ནས་ཞབས་གཞས་དང་གསུང་གཞས་ཁག་གནང་།མི་མང་ཚོགས་གཙོས་ད་བར་མི་མང་སྤྱིའི་ལས་མི་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་། མི་མང་ཟློས་གར་ནས་གཟིགས་མོ་ཁག་གཟིགས་འབུལ་ཞུས་རྗེས་རྒྱན་ཤོག་ཨང་རིམ་ཐོབ་མཁན་རྣམས་ལ་བྱ་དགའ་འབུལ། མི་མང་རྣམས་སྒོར་གཞས་གནང་ནས་འདི་ལོའི་དུས་དྲན་རྒྱས་ཁའི་ངང་ལེགས་སྒྲིག་ཞུས། འདྲ་པར་ ཚོགས་ཁང་བསྟན་བློ་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།