ཕྱི་ལོ་ ༢༠༡༣ ཕྱི་ཟླ་​ ༥ ཚེས་ ༡༧ རེས་གཟའ་པ་སངས་ཉིན་ས་གནས་ཚོགས་ཆུང་ཇི་ནི་ཝ་དང་སྦེརན་སྦ་སལ་ངོ་རྒོལ།​

༄༅། །སུད་སི་དང་ལེཀ་ཏེན་སིཊཡན་ས་གནས་འཐུས་ཚོགས་ཀྱི་ལོ་རིམ་གཉིས་པའི་ལས་འགུལ་གཞིར་བཟུང་བོད་ལ་རྒྱལ་སྤྱིའི་རྟོགས་ཞིབ་ཚོགས་ཆུང་ངེས་པར་དུ་གཏོང་དགོས་པའི་འདོད་དོན་གཙོ་གྱུར་གྱིས་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༥ ཚེས་ ༡༧ རེ་གཟའ་པ་སངས་ཉིན་ས་གནས་ཚོགས་ཆུང་འཇི་ནི་ཝ་དང་སྦེརན་ སྦ་སལ་བཅས་ས་གནས་ཚོགས་ཆུང་གསུམ་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་གློད་དགྲོལ་དགོས་པའི་སྐོར་དང་།  བཀའ་ཤག་གིས་བཀོད་ཁྱབ་རྒྱལ་སྤྱིའི་བོད་ཀྱི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཕྱག་ཚོད་ ༡༡ ། ༤༥ ཐོག་མི་མང་གྲངས་ ༧༠ ལྷག་གི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་དུ་ལྷན་འཛོམས་ཐོག་ཞི་བའི་ངོ་རྒོལ་གནང་ནས་སྦེརན་མཐུས་མི་ནས་མཛད་རིམ་ངོ་སྤྲོད་དང་འབྲེལ་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སོགས་ཀྱི་གསལ་བཤད་དང་དེའི་རྗེས་ཚད་མེད་ཡོན་ཏན་དབྱངས་རྟ་དང་བཅས་ཞི་བའི་སྐད་འབོད་དང་གམ་འགྲོད་དབུ་འཛུགས་གནང་ནས་མཉམ་སྦྲེལ་རྒྱལ་ཚོགས་གི་མདུན་ཐང་དུ་འབྱོར་ནས་སྦ་སལ་འཐུས་མི་ནས་དབུ་སྐུལ་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་པོ་རྣམས་དང་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་མྱ་ངན་དང་སྦྲགས་བསྔོ་སྨོན་གསུང་འདོན་གནང་ནས་ཞི་བའི་སྐད་འབོད་དང་བཅས་ཕྱག་ཚོད་ ༡༥ ། ༤༥ །ཡོལ་ཙམ་ལ་ཇི་ནི་ཝ་འཐུས་ཚབ་ནས་ཐུགས་རྗེ་ཆེ་ཞུས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་ལས་རིམ་རེ་ཞིག་མཇུག་བསྒྲིལ་གནང་སོང་།  སྦན་གྱི་ས་འཐུས་འཕེལ་སྣེ་ཚང་བློ་བཟང་གིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 8 སྡོམས་རོགས།